སྙན་ངག་པ་ནི་ཁེར་རྐྱང་ལ་གོམས་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་སུན་སྣང་ལ་འདྲེས་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་མི་ཁ་ལ་ལོབས་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཐང་སྟོང་དུ་འཁྱམ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་རྒྱང་རིང་དུ་འཕུར་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ནང་སེམས་ལ་སྙོབ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཚུལ་འཆོས་ལ་གཡོལ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་དྲང་བདེན་ལ་གཞོལ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཨ་རག་ལ་རོལ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཐ་མག་ལ་འཆང་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་མུན་ནག་ལ་དགའ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་འདུ་བྲལ་ལ་སྐྱོ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་མཛེས་མ་ལ་ཆགས་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་དགྲ་བོ་ལ་སྡང་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་རི་རྩེ་རུ་འགོ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་རྒྱ་མཚོ་རུ་རྐྱལ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་གཡང་གཟར་དུ་མཆོང་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཚོར་བ་རུ་འཐིམ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་འཇིག་རྟེན་དུ་མྱུལ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་དགུ་ཚིགས་སུ་བསྟར་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་མི་ཚོགས་སུ་ངུ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་རང་ཁྱིམ་དུ་འཛུལ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཚེ་སྲོག་ལ་གཅེས་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་དུས་ཚོད་ལ་གཤིབ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ས་ཐོག་ཏུ་འགྱེལ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཆར་ནང་དུ་རྒྱུག་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་མེ་ལྕེ་ལ་རེག་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་རླུང་ཁ་ནས་འགྲེང་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་དཔེ་ཀློག་ལ་འཇུག་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་འཁོར་བ་རུ་འཁོར་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་མེ་ཏོག་ལ་སྣོམ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་འཇའ་ཚོན་ལ་ཧད་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཆོས་ལུགས་ལ་དད་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་དཔལ་འབྱོར་ལ་གཉེར་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་རིག་གནས་ལ་བྱང་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་སློབ་གསོ་ལ་རྒྱུས་ཡོད་མཁན་ཞིག་ཡིན།།
སྙན་ངག་པ་ནི་སློབ་སྦྱོང་ལ་བརྩོན་ཡོད་མཁན་ཞིག་ཡིན།།
སྙན་ངག་པ་ནི་ལང་ཚོ་ལ་གཡེང་མྱོང་མཁན་ཞིག་ཡིན།།
སྙན་ངག་པ་ནི་རོལ་མོ་ལ་སྟིམ་མྱོང་མཁན་ཞིག་ཡིན།།
སྙན་ངག་པ་ནི་སྤོས་དྲི་ལ་བྱུག་མྱོང་མཁན་ཞིག་ཡིན།།
སྙན་ངག་པ་ནི་དམར་ཟས་ལ་སྤོང་མྱོང་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཚེར་མ་ལ་ཟུག་མྱོང་མཁན་ཞིག་ཡིན།།
སྙན་ངག་པ་ནི་ལོ་མ་བཞིན་སྤུར་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་ཀ་བ་བཞིན་བརྟན་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་འདྲ་ས་ནས་མི་འདྲ་མཁན་ཞིག་ཡིན།།
སྙན་ངག་པ་ནི་མི་མཚུངས་ལ་མཚུངས་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་འདི་ས་ནས་སྨྱོ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་གན་ས་ནས་སད་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་དངོས་ཡོད་དུ་ཆས་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་རྨི་ལམ་དུ་གཉིད་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་སྤྱི་ཚོགས་སུ་ཕམ་ཐུབ་མཁན་ཞིག་ཡིན།།
སྙན་ངག་པ་ནི་སྙན་ངག་ཏུ་རྒྱལ་ཐུབ་མཁན་ཞིག་ཡིན།།
༼ གཟུངས་བྷ། ༽
