国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གླང་རྒྱབ་སྒང་གི་དགུན་དུས་ཀྱི་སྒེག་ཉམས།

གླང་རྒྱབ་སྒང་ནི་གཡག་རྔ་གྲོང་ཁྱེར་དབྱིན་ཅིན་རྫོང་དང་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་འབྲེལ་མཚམས་སུ་གནས་པ་དང་མཚོ་འཕགས་སྨི3666ཡོད། དེ་ནི་སི་ཁྲོན་གྱི་གཤོང་ས་དང་ཁྲོན་ནུབ་མཐོ་སྒང་གི་རང་བྱུང་དབྱེ་མཚམས་ཡིན་ལ། ཕྱོགས་བཞིར་རི་བོས་བསྐོར་ཡོད་པའི་ས་ཁམས་གནས་ཡུལ་ཁྱད་དུ་འཕགས་པ་ལ་བརྟེན་ནས་ཨེ་ཤེ་ཡ་གླིང་གི་ཆེས་མཛེས་པའི་མཛེས་ལྗོངས་ལྟ་ས་དང་པར་ལེན་སའི་གནས་མཆོག་ཅེས་པའི་མཚན་སྙན་ཐོབ་ཡོད་པ་རེད།

གླང་རྒྱབ་སྒང་གི་ནུབ་ཕྱོགས་སུ་སྐད་གྲགས་ཆེ་བའི་མི་ཉག་འབོ་གངས་དཀར་གྱི་རི་རྒྱུད་ཡིན་ལ། འབོ་གངས་དཀར་གྱི་རྩེར་ལོ་ལྟར་ཁབ་བས་གཡོགས་ཡོད་པས་ཉི་འོད་རི་རྩེར་འཕྲོས་དུས་ལྷག་ཏུ་འཚེར་ལ་མཛེས་སྡུག་གི་བཀྲག་མདངས་རབ་ཏུ་བཀྲ། ལྕགས་ཟམ་ཁ་གླང་རྒྱབ་སྒང་གི་མཛེས་ལྗོངས་ནི་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པའི་རང་བྱུང་གི་ལེགས་སྐྱེས་ངོ་མཚར་ཅན་ཞིག་ཡིན་ལ། ལྷག་པར་འབོ་གངས་དཀར་གྱི་བརྗིད་ཉམས་ཀྱིས་མི་སེམས་ལ་སྤོབས་པ་ཚད་མེད་བསྩལ། སྟོན་དགུན་གཉིས་ལ་སྤྲིན་གྱི་རྒྱ་མཚོ་པར་དུ་ལེན་པའི་དུས་བཟང་ཡིན་ཞིང་། དགུན་དུས་ཀྱི་ཞོགས་པའི་ཆུ་ཚོད་གསུམ་པ་ནས་བཞི་པའི་བར་ནི་སྐར་ཚོགས་ལ་ལྟ་བའི་དུས་ཚོད་ཡག་ཤོས་ཡིན། 2025ལོའི་ཟླ་བ12པའི་ཚེས1ཉིན་ནས2026ལོའི་ཟླ་བ6པའི་ཚེས30ཉིན་བར་གླང་རྒྱབ་སྒང་ལྗོངས་ཁུལ་དུ་སྒོ་འཛིན་གཅིག་གིས་ཉིན་གཉིས་རིང་ལ་ལྗོངས་ཁུལ་དུ་གང་གར་བསྐྱོད་དེ་ཉམས་དགའ་བའི་གནས་མཆོག་གི་མཛེས་སྡུག་ལ་མྱོང་རོལ་བྱ་ཆོག་པའི་ལྟ་སྐྱོང་ཡོད་པ་རེད།། ( བདེ་ཆེན་གྱིས་བྲིས།)