ཟླ་བདུན་པའི་མེ་ཏོག་གི་གཟུགས་སུ་བཀྲ་བའི།
ཡིད་འོང་གི་འཛུམ་ཆུང་རེ་རེ།
དཀྱེལ་ཡངས་པའི་རྩྭ་ཐང་གི་ཤོད་དུ།
ལྷོད་ཆགས་པའི་མཛེས་སྡུག་གི་ཡང་སྙིང་རྙེད།
མིག་ཟུང་ལས་དྭངས་གཙང་གི་ཆར་ཐིགས་རེ་རེ།
དགུ་ཚུགས་ཀྱི་གཙང་པོའི་ནང་དུ་འཐོར།
སྙིང་ཉེ་བའི་ཆར་པའི་འབབ་རྒྱུན་རིང་མོ།
ངའི་དྲན་གདུང་ལས་ཁྱོད་རང་རྙེད།
ཞི་དུལ་གྱི་བརྩེ་བ་རུམ་པའི་མཛེས་སྡུག་མཐའ་དག
སྙིང་གར་ལྷུང་བའི་ཁྱོད་མཚོན་པའི་ཡིག་འབྲུ་རེ་རེ།
དྲན་འཛིན་གྱི་ངོས་སུ་བཞད་པའི་སྙན་ངག།
སྐྱེ་བ་འདིར་འཚོ་བའི་སྙིང་པོ།
དྲོད་རྟེན་རུང་བའི་ཞེ་འདང་གི་བརྒྱུད་རིམ་དེའི།
ཤིན་ཏུ་དྭངས་གཙང་གི་མཛེས་པ་སེམས་སུ་འཁོར།
༼ ཇེང་། ༽
