国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་ གྱི་གོ་རྟགས་སྤོར་བའི་མཛད་སྒོ་སྤེལ།

ཞི་ཅིན་ཕིང་གིས་བཀའ་ཡིག་གནང་ནས་གོ་རྟགས་འཕར་བའི་དམག་དཔོན་ལ་རྟེན་འབྲེལ་ཞུས།

899_01B_20251224 སྤྱི་ཟླ12ཚེས22ཉིན། ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་སྤེལ་ཞིང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད། འདི་ནི་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་དང་ཧྲང་ཅང་གི་གོ་རྟགས་འཕར་བའི་དམག་དཔོན་གྱི་ལྷན་བསྐྱོན་དྲན་རྟེན་སྐུ་པར་རེད།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ12ཚེས22ཉིན་གློག་འཕྲིན་འབྱོར་གསལ། ཚེས22ཉིན། ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་སྤེལ་བ་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད། སྔ་དྲོའི་ཆུ་ཚོད10དང་སྐར་མ30ཙམ་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གོ་རྟགས་སྤོར་བའི་མཛད་སྒོ་འགོ་བཙུགས་ཤིང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་གནང་བའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་བཀའ་རྒྱ་སྒྲོག་སྦྱོང་གནང་བ་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་མིང་གིས་གོ་རྟགས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད། ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་དུ་གོ་རྟགས་འཕར་བའི་ཤར་རྒྱུད་དམག་ཁུལ་གྱི་དམག་སྤྱི་དབྱང་ཀྲི་པིན་དང་དབུས་རྒྱུད་དམག་ཁུལ་གྱི་དམག་སྤྱི་ཧན་ཧྲེང་ཡན་ལ་བཀའ་ཡིག་གནང་ནས་རྟེན་འབྲེལ་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བཏགས་པའི་དམག་དཔོན་གཉིས་པོས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་རྗེས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཕེལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་དུ་གོ་རྟགས་སྤོར་བའི་མཛད་སྒོ་མཇུག་འགྲིལ་བ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་ཧྲང་ཅང་དམག་དཔོན་དུ་གོ་རྟགས་འཕར་བའི་དམག་དཔོན་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལིའུ་ཀྲེན་ལི་དང་། དམག་ཨུ་ལས་ཁུངས་ཀྱི་སྡེ་ཚན་ཁག་པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)