ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། སྤྱི་ཟླ12པའི་ཚེས17ནས18ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཕུར་བུ་དོན་གྲུབ་དཀར་མཛེས་ཁུལ་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་སློབ་སྦྱོང་ཐད་སྒྲོག་འགྲེལ་དང་མཛུབ་ཁྲིད་གནང་སྟེ། ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་དམ་འཛིན། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ལ་དང་དོད་དང་། འཕེལ་རྒྱས་ལ་དམ་འཛིན། དམངས་འཚོར་ཕན་པ། བདེ་འཇགས་ལ་འགན་ལེན་བཅས་བྱས་ནས་བོད་འབྲེལ་ས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལེའུ་གསར་པ་ཧུར་ཐག་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།
ཕུར་བུ་དོན་གྲུབ་སྔོན་རྗེས་སུ་ཉག་རོང་རྫོང་དང་། ལི་ཐང་རྫོང་། ཉག་ཆུ་རྫོང་། དར་མདོ་གྲོང་ཁྱེར་སོགས་སུ་ཕེབས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲིག་བཟོ། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ཕུར་བུ་དོན་གྲུབ་གྱིས་ནན་གསུང་གནང་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁྲོད་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་ལག་ལེན་སྟོབས་ཤུགས་ཆེན་པོ་ཤེས་རྟོགས་བྱུང་ཞིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“གཏན་འཁེལ་གཉིས”ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་མཐར་ཕྱིན་ལོན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པར་ཁྲིད་སྟོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་མུ་མཐུད་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། ཁྱོན་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་གཞིར་བསྡུར་དཔེར་བསྡུར་བྱེད་ཅིང་། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་འཆར་བཀོད་བཟོས་ཏེ། འཆར་འགོད་ཆུ་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྣེ་ཁྲིད་བྱ་དགོས། འཕེལ་རྒྱས་མཐའ་དག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་བསྩལ་བ་དང་། གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་དོན་སྙིང་བསྩལ་བ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་བསྩལ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཕན་པ་བཅས་བསྩལ་བ་གསུམ་དང་ཕན་པ་གཅིག་རྒྱུན་འཁྱོང་དགོས། སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་མངོན་གསལ་དུ་བཏོན་པ། རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ། ཁྱད་ཆོས་ཞིང་འབྲོག་བཅས་ལ་དམིགས་ནས། དཀར་མཛེས་ཁུལ་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བསྐུལ་དགོས། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོའི་སོགས་དམངས་ཀྱིས་དོ་ཁུར་བྱ་ཡུལ་གནད་ལ་འཁེལ་བའི་སྒོ་ནས་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་ཏན་ཏིག་ཆེ་རུ་གཏང་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བར་རྒྱུན་འཁྱོངས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱེད་ཅིང་། རྒྱ་ཆེ་བའི་ལས་བཟོ་མང་ཚོགས་ཀྱི་ངལ་རྩོལ་ཧུར་སེམས་དང་མི་མངོན་པའི་གསར་སྐྲུན་ནུས་པ་བསླངས་ཤིང་བསྐུལ་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་སི་ཁྲོན་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་བསྐུལ་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་ལོ་མཇུག་དང་ལོ་འགོའི་གཙོ་གནད་ལས་དོན་ཏན་ཏིག་ལེགས་པོར་བསྒྲུབས་ནས་ད་ལོའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མཇུག་ཕུན་སུམ་ཚོགས་པའི་ངང་འགྲིལ་བ་དང་། སང་ལོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འགན་ལེན་བྱ་དགོས།། ( བདེ་སྐྱིད་ཀྱིས་བསྒྱུར།)
