ད་ལོ་ནས་བཟུང་། རང་ཁུལ་གྱིས་ལས་གཞིར་བརྟེན་ནས་འགག་སྒྲོལ་དཀའ་གནད་སེལ་བ་དང་། ལྟ་སྐུལ་དོ་དམ་ཧྲིལ་སྐྱོང་ལེགས་འདོམས་ཀྱིས་མངོན་མེད་རྐྱེན་ངན་སེལ་བ། སློབ་གསོ་རྒྱུན་ལྡན་དུ་བཏང་ནས་རང་བཞིན་སྲུང་ར་བསྐྲུན་པ་བཅས་ཀྱི་བྱ་ཐབས་མང་པོ་མཉམ་དུ་སྤྱད་དེ་ཚན་རྩལ་གྱིས་ནུས་པ་སྤྲོད་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་ཉེན་མེད་ཀྱི་སྲུང་ར་བརྟན་པོར་བསྐྲུན་པ་རེད།
རང་ཁུལ་གྱིས་གསར་གཏོད་ཐོན་ཁུངས་དེ་ཐོན་སྐྱེད་ཉེན་མེད་ཁྱབ་ཁོངས་སུ་གཅིག་སྡུད་བྱ་རྒྱུར་གནད་ལ་འཁེལ་བའི་སྒོ་ནས་ཁྲིད་སྟོན་བྱས་ཏེ། ཞིང་ཆེན་དང་ཁུལ་གྱི་ཚན་རྩལ་ལས་གཞི5ལག་ལེན་བསྟར་བ་དང་། ཆེད་དོན་མ་དངུལ་སྒོར་ཁྲི140བཀོད་སྒྲིག་བྱས་ནས། བཟའ་བཅའ་ཉེན་མེད་ཀྱི་ཚན་རིག་ཁྱབ་གདལ་དང་། འདེབས་གསོ་ནུས་ཆེའི་ཉེན་མེད་ལག་རྩལ་ཁྱབ་གདལ། མཐོ་སྒང་ལ་ནགས་ཚལ་མེ་སྐྱོན་བྱུང་རྗེས་སྐྱེ་ཁམས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་ཉམས་གསོ་སོགས་ཀྱི་ཁ་ཕྱོགས་ལ་གཙོ་གནད་དུ་དམིགས་ཏེ། ཞིབ་འཇུག་དང་དཔེ་སྟོན་བཀོལ་སྤྱོད་བྱས་པ་རེད། དངོས་སྤྱོད་ལག་རྩལ་བཀོལ་སྤྱོད་དང་དམངས་ཡོངས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོ་འགག་རྩ་ཆེན་པོ་གཉིས་ལ་དམིགས་ནས་ཚན་རྩལ་བྱ་ཐབས་སྤྱད་དེ་ཉེན་མེད་བཟའ་བཅའ་དང་། ཉེན་མེད་འབྲུ་རིགས། མཐོ་སྒང་གི་སྐྱེ་ཁམས་ཉེན་མེད་སོགས་ཁྱབ་ཁོངས་ཀྱི་དཀའ་གནད་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ཁྱབ་གདལ་བྱེད་ཆོག་པ་དང་ཉམས་མྱོང་དཔྱད་གཞིར་འཛིན་ཆོག་པའི་མ་དཔེ་ཆགས་པར་བརྩོན་ལེན་བྱས་པ་རེད།
དེ་དང་ཆབས་ཅིག། ཚན་རྩལ་རིགས་ཀྱི་སློབ་གྲྭའི་ཕྱི་རོལ་གསོ་སྦྱོང་སྒྲིག་གཞི2ལ་ལྟ་སྐུལ་དོ་དམ་ཡང་དག་བྱས་པ་དང་། ཁེ་ལས་ལ་ཐོན་སྐྱེད་ཉེན་མེད་ལས་གནས་འགན་འཁྲིའི་ཆེད་དོན་ཞིབ་བཤེར་ཐེངས6དོན་འཁྱོལ་ནན་པོ་བྱ་རྒྱུར་བསྐུལ་བ་དང་མཛུབ་ཁྲིད་བྱས་ཤིང་། མེ་ཟོན་སོགས་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་ཁག2དག་ཐེར་བཅོས་སྒྲིག་བྱས་ཡོད། “ཞིབ་བཤེར་བྱས་ནས་ཤེས་རྟོགས་དང་གནད་དོན་བཅོས་སྒྲིག་བྱེད་པའི”བརྒྱུད་རིམ་ཡོངས་ལ་ཧྲིལ་སྐྱོང་ལེགས་འདོམས་ཀྱིས་དོ་དམ་བྱས་པར་བརྒྱུད། སྒྲིག་གཞིའི་ཉེན་ཁ་སྔོན་འགོག་ནུས་པར་ཤུགས་བརྒྱབ་ནས་ཚན་རྩལ་གསོ་སྦྱོང་ལས་རིགས་ཧྲིལ་པོའི་བདེ་འཇགས་ཆུ་ཚད་ཚད་ལྡན་ངང་མཐོ་རུ་གཏང་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་པ་རེད།
རྒྱུན་ལྡན་ཅན་གྱི་ཉེན་མེད་སློབ་གསོའི་ལམ་སྲོལ་འཛུགས་པ་དང་། དུས་བཀག་ལྟར་རིམ་པ་དང་རིགས་ཕྱེས་ནས་ཐོན་སྐྱེད་ཉེན་མེད་ཆེད་དོན་གསོ་སྦྱོང་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། ལས་བྱེད་པ་དང་ལས་བཟོ། ཚན་རྩལ་ཁེ་ལས་ལ་རྒྱུན་ལྡན་ཅན་གྱི་སློབ་གསོ་དྲན་སྐུལ་ཐུབ་པ་བྱས་ནས། “མི་ཚང་མས་ཉེན་མེད་ལ་མཐོང་ཆེན་བྱེད་པ་དང་བྱ་བ་ཀུན་སྔོན་འགོག་ལ་མཐོང་ཆེན་བྱེད་པའི”ཁོར་ཡུག་ཤུགས་ཆེན་བསྐྲུན་པ་རེད།།
( བདེ་སྐྱིད་ཀྱིས་བྲིས།)
