རྒྱལ་ཡོངས་ཀྱི་རེས་སྐོར་གསར་པའི་གཏེར་འཚོལ་ལས་དོན་ཁྱོན་ཡོངས་ནས་འགོ་བཙུགས་པ་དང་དུས་མཉམ་དུ་རོང་བྲག་རྫོང་གིས་ས་ཁོངས་ཀྱི་གཏེར་ཁའི་ཐོན་ཁུངས་ལ་དམིགས་ཏེ་རོང་བྲག་རྫོང་གི《གཏེར་ཁའི་ཐོན་ཁུངས་སྤྱིའི་འཆར་འགོད》རྩ་བའི་གཞིར་འཛིན་སར་བྱས་ཏེ། ད་ཡོད་སྡེབ་སྒྲིལ་གཏེར་ལས་དབང་ཡོད་ཐོན་ཁུངས22དང་དེའི་ནང་གཏེར་འདོན་དབང་ཡོད་མཁན11དང་གཏེར་འཚོལ་དབང་ཡོད་མཁན11དག་ཐེར་ལེགས་སྒྲིག་བྱས་ཏེ་གཏེར་ཁ་གཅིག་ལ་སྲིད་ཇུས་གཅིག་གི་གནད་ལ་འཁེལ་བའི་གསར་སྤེལ་ཇུས་གཞི་བཏོན་ཏེ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་གང་ལེགས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གཏེར་ཁ་སྔོག་འདོན་བྱེད་པར་ཤུགས་རྒྱག་བཞིན་ཡོད།
ཉེ་ཆར་གསར་འགོད་པ་རོང་བྲག་རྫོང་ཤིན་རུང་ཐའེ་གཏེར་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་གཏེར་རར་འགྲོ་དུས། གཏེར་འདོན་གྱི་སྒྲིག་ཆས་ཆེ་གྲས་གོ་རིམ་ལྡན་པའི་ངང་བེད་སྤྱོད་པ་དང་། སྐྱེལ་འདྲེན་རླངས་འཁོར་བསྐོར་བ། ལས་བཟོ་བ་དག་གིས་རང་རང་གི་འོས་འགན་ལེགས་པོར་བསྒྲུབས་ནས་ལས་ལ་བྲེལ་བཞིན་ཡོད་པ་གསལ་པོར་མཐོང་། རོང་བྲག་རྫོང་གི་ཐོན་ཁུངས་གསར་འབྱེད་ཀྱི་གཏེར་ཁ་གཅིག་ལ་སྲིད་ཇུས་གཅིག་གི་བྱ་ཐབས་དེ་ལས་གཞིའི་སྐུལ་འདེད་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྤྱི་གཉེར་ཁང་དེའི་ལག་རྩལ་བཅོས་བསྒྱུར་དང་ནུས་ཁུངས་རྒྱ་བསྐྱེད་ལས་ཀ་བརྟན་པོའི་ངང་སྐུལ་འདེད་བྱས་ཡོད།
རོང་བྲག་རྫོང་ནི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་གནས་པ་དང་། གཏེར་ཁའི་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། ད་སྔའི་བར་རོང་བྲག་རྫོང་དུ་གཏེར་རྫས་རིགས་སྣ་འདུས20ལྷག་གསར་རྙེད་བྱུང་བ་དང་། སྲ་གཟུགས་ཀྱི་གཏེར་ཐོན་ཡུལ71དང་ས་ཚན6ཆགས་ཡོད་ལ། གཙོ་བོར་གསེར་དང་། ཕེད། ནེལ་སོགས་འགག་རྩའི་གཏེར་རིགས་ཚུད་ཡོད། ལྷག་པར་དུ་གསེར་དང་། ཕེད། ནེལ། པའེ་ཡུང་མའོ་སོགས་གཏེར་རྫས་དག་ཐོན་ཁུངས་ཕུན་སུམ་ཚོགས་པར་ལྡན་ལ་གསར་འབྱེད་རིན་ཐང་མཐོན་པོ་མངོན་ཡོད།
ད་ཐེངས་ཀྱི་གཏེར་འཚོལ་བྱ་སྤྱོད་གསར་པ་སྤེལ་བ་དང་རོང་བྲག་རྫོང་གིས་གནད་འཁེལ་ཅན་དང་། ཕན་ཡོད་ཅན། འབྱུང་འཕྲོད་ཅན་བཅས་ཀྱི་འཕེལ་རྒྱས་དམིགས་ཚད་ལ་གཞིགས་ནས་གནས་འདིའི་གཏེར་ལས་དབང་ཡོད་ཀྱི་རིགས་ཚང་མ་ལ་ཐོན་ཁུངས་གི་ནུས་པ་དང་། རྩད་ཞིབ་བྱེད་ཚད། སྔོག་འདོན་གྱི་ཆ་རྐྱེན། སྐྱེ་ཁམས་ཁོར་ཡུག་སོགས་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་གཏེར་ཁ་གཅིག་ལ་སྲིད་ཇུས་གཅིག་ཡོད་པ་དེ་གསར་སྤེལ་བྱེད་པའི་ཐབས་ཇུས་སུ་གཏན་ལ་ཕབ་ཡོད།
གསར་འགོད་པས་རོང་བྲག་རྫོང་རང་བྱུང་ཐོན་ཁུངས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཏེར་ཁ་གཅིག་ལ་སྲིད་ཇུས་གཅིག་ཅེས་པ་ནི་གཏེར་ཁ་གཅིག་ལ་ཡིག་ཚགས་གཅིག་ཆགས་པ་ཞིག་ཡིན་ལ། ཁྱད་པར་ཅན་ཀྱི་བྱེད་ཐབས་བཟོ་བ་དང་། འགན་འཁྲི་གསལ་པོ་ཡོད་པ། དུས་ཡུན་དང་ཚད་གཞི་ལྡན་པ། བྱ་ཐབས་གནད་སྨིན་བཅས་ཡོད་པར་བྱས་ནས་གཏེར་ཁའི་ཐོན་ཁུངས་ནུས་ལྡན་ངང་གསར་སྤེལ་བེད་སྤྱོད་བྱས་ཏེ། གཏེར་འདོན་ཚད་དེ་ཡར་བསྐྱེད་ཡོང་བར་བལྟ་དགོས། གཏེར་ཁ་གསར་སྤེལ་བྱེད་པའི་བྱ་སྤྱོད་དང་གཏེར་ཁ་གཅིག་ལ་སྲིད་ཇུས་གཅིག་གི་བྱ་ཐབས་ལག་ལེན་བརྒྱུད་དེ་རིང་བྲག་རྫོང་གིས་གོམ་གང་མདུན་སྤོས་ངང་གཏེར་ཁའི་ཐོན་ཁུངས་གསལ་པོར་ཤེས་པ་དང་གཏེར་ལས་དབང་ཆའི་ཐོན་ཚད་དེ་བཟང་པོ་ཡོང་བར་བྱ་དགོས།། ( ཀུན་དགས་བྲིས།)
