( པར་ངོས་དང་པོར་མཐུད།)དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་འཁེལ་བའི་སྒོས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་རྒྱས་ཀྱི་ལས་དོན་སྤྱིའི་བསམ་གཞི་མཐའ་འཁྱོངས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་གཙོ་གནད་དུ་འཛིན་རྒྱུ་དང་། དཔལ་འབྱོར་འཛུགས་སྐྲུན་གཙོ་བོར་འཛིན་པ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་རྒྱུ་གཙོ་དོན་བྱེད་པ། བསྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དེ་རྩ་བའི་འགན་སྲུང་དུ་འཛིན་པ། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ཏེ། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུ་རྒྱུ་དང་། འཕེལ་རྒྱས་ཀྱི་གནས་བབ་གསར་པར་སྔར་ལས་ལེགས་པར་མཉམ་འདྲེས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས།གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཉམ་དུ་ཕྱུག་པོ་ཡོང་བར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་རྒྱུ་དང་། དཀར་མཛེས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཧ་ལམ་མངོན་དུ་འགྱུར་བའི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ལ་ཁག་ཐེག་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ཏང་ཀྲུང་དབྱང་གི“རྒྱུན་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་དང་ཞིང་ཆེན་ཏང་ཨུའི“ངེས་པར་བཞི”ཡི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ཁུལ་རང་གི་གནས་ཚུལ་དང་འབྲེལ་ནས་གཤམ་གྱི་ཕྱོགས་དེ་དག་བསྒྲུབ་དགོས་ཏེ། ཆབ་སྲིད་ལངས་ཕྱོགས་བརྟན་པོ་མཐའ་གཅིག་ཏུ་གནས་ཐུབ་པ་དང་། མཐུན་སྒྲིལ་གྱི་རྨང་གཞི་མཐའ་གཅིག་ཏུ་བརྟན་པོ་བཟོ་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ལས་འགན་གཙོ་བོ་དང་ཁྱོན་ཡོངས་ལ་ཞབས་འདེགས་མཐའ་གཅིག་ཏུ་ཞུ་བ། འཕེལ་རྒྱས་ཀྱི་ལས་འགན་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། སྐྱེ་ཁམས་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོ་འཛུགས་རྒྱུ་བཅས་རེད།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ནི། འཕེལ་རྒྱས་དང་ཉེན་མེད་ཀྱི་འགན་སྲུང་ཇེ་ཆེར་གཏང་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པ། འཕེལ་རྒྱས་སྤུས་ཚད་མཐོན་པོར་འཕར་སྣོན་གསར་པ་བྱུང་བ། བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་གསོན་ཤུགས་གསར་པ་ཐོན་པ། སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྲོལ་རྣམ་གསར་མངོན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་སྐས་རིམ་གསར་པར་སླེབས་པ། མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྱོང་གི་རྣམ་གསར་མངོན་རྒྱུ་བཅས་རེད། རྨང་གཞིའི་དེའི་ཐོག་སླར་ཡང་ལོ་ལྔར་འབད་འཐབ་བྱས་ནས། 2035ལོར་སླེབས་སྐབས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆེས་ཆེར་འཕར་བ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་མིའི་ཡོང་འབབ་སྔར་ལས་མཐོ་རིམ་དུ་སླེབས་པ། མི་རིགས་སྔར་ལས་འཆམ་མཐུན་དང་། ཆོས་ལུགས་སྔར་ལས་ཞི་མཐུན། སྤྱི་ཚོགས་སྔར་ལས་འཆམ་མཐུན། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ། དཀར་མཛེས་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་ལས་སྲ་བརྟན་དུ་གྱུར་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཧ་ལམ་མངོན་དུ་འགྱུར་རྒྱུ་རེད།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན།དཀར་མཛེས་ཁུལ་གྱི་བཟང་ཆ་དང་ཁྱད་ཆོས་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་དགོས། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་བ། ཁྱད་ལྡན་ཞིང་འབྲོག་བཅས་ཀྱི“དོན་ཆེན་གསུམ”གཅིག་གྱུར་འཆར་འགོད་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་འདུ་འགོད་དང་། དུང་ཕྱུར་ཁྲིའི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ལས་གྲྭ།ཞིང་ལས་སྣེ་ཁྲིད་ལས་གྲྭ་བཅས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཙོ་བོ། དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས་ཀྱི་རྟེན་གཞི་བཅས་བསྐྲུན་ནས་རིག་གནས་ཡུལ་སྐོར་ཁུལ་དང་། ནུས་ཁུངས་ཁུལ།སྦག་མེད་སྐྱེ་ལྡན་ཁུལ་བཅས་མགྱོགས་མྱུར་འཛུགས་སྐྲུན་བྱ་དགོས། ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏང་དགོས། རྩིས་གློག་མཉམ་འདྲེས་ལས་གྲྭ་དང་འཐབ་ཇུས་རང་བཞིན་གྱི་གཏེར་རྫས་ཐོན་ཁུངས་ལྗང་མདོག་གསར་སྤེལ་ལས་གྲྭ་ལག་ལེན་བསྟར་བ།ཐོན་ལས་ཁྱུ་ཚོགས་ཅན་དང་། སྦག་མེད་ཅན། མཐོ་རིམ་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེད་ལས་ཅན་དང་རིན་ཐང་སྦྲེལ་ཐག་མཐོ་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་། སྣ་མང་ཅན་དུ་འགྱུར་བ། སྟབས་བདེ་ཅན་དུ་འགྱུར་བ་བཅས་ཀྱི་འཕེལ་རྒྱས་མགྱོགས་སུ་གཏང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏང་དགོས། ཚན་རྩལ་ཐོན་ཁུངས་ས་གནས་སུ་བེད་སྤྱོད་དང་ཚན་རྩལ་གྲུབ་འབྲས་བསྒྱུར་རྒྱུའི་ཕན་ནུས་ཆེ་རུ་གཏང་བ། ཚན་རིག་ལག་རྩལ་ཁྱབ་གདལ་གཏང་རྒྱུར་ཤུགས་བརྒྱག་དགོས། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་ཧུར་ཐག་བྱས་ཏེ་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། རྣམ་པ་གསར་པ་བེད་སྤྱོད་བྱ་རྒྱུ་འཚོལ་ཞིབ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན། དེང་རབས་ཅན་གྱི་རྨང་གཞི་སྒྲིག་ཆས་མ་ལག་ཉེན་ཁ་མེད་ལ་ལས་ཆོད་ཆེ་བ་འཛུགས་སྐྲུན་མགྱོགས་སུ་གཏང་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཕྱོགས་འདུས་ལངས་གཟུགས་ཅན་བསྐྲུན་ཏེ། ཁྲོན་བོད་ལྕགས་ལམ་འབྲེལ་མཐུད་ལས་གཞི་དང་མྱུར་བགྲོད་གཞུང་ལམ་མ་ལམ་གྱི་ལས་གཞི་ལག་ལེན་བསྟར་བ་དང་། ལྕགས་ལམ་དང་གཞུང་ལམ། མཁའ་ལམ་བཅས་སྐྱེལ་འདྲེན་བྱེད་སྟངས་སྣ་མང་འབྲེལ་མཐུད་ཕྱོད་ཆེ་ཡོང་བ་བྱ་དགོས། ནུས་ཁུངས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་གྲུབ་རྐྱེན་བཀོད་སྒྲིག་དང་ནོར་སྲིད་ཐོན་ཁུངས་སྒྲིག་སྦྱོར་ཇེ་ལེགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ཁྲོད་དུ་ཟབ་འདྲེས་བྱ་དགོས། ནང་མཁོའི་མི་མངོན་པའི་གཏིང་ཤུགས་མགྱོགས་པོར་གློད་དེ། དམངས་འཚོར་ཕན་ཞིང་འཛད་སྤྱོད་ལ་སྐུལ་བ་རྒྱུན་འཁྱོངས་ཤིང་། དངོས་ཟོག་ལ་མ་དངུལ་འཇོག་པ་དང་མི་ལ་མ་དངུལ་འཇོག་པ་ཟུང་འབྲེལ་དམ་ཟབ་བྱེད་ཅིང་། འཛད་རྫས་དང་ཞབས་ཞུ་སྤུས་དག་མཁོ་སྤྲོད་རྒྱ་སྐྱེད་དང་། འཛད་སྤྱོད་དང་མ་དངུལ་འཇོག་པ། མཁོ་སྤྲོད་དང་དགོས་མཁོ་མཉམ་སྐུལ་ལེགས་པོར་ཡོང་བར་བསྐུལ་དགོས། སྒོ་འབྱེད་མཉམ་ལས་ཆུ་ཚད་མཐོན་པོར་ཡོང་བར་བསྐུལ་ཏེ། ཤར་རྒྱུད་མཉམ་འདྲེས་དང་ནུབ་རྒྱུད་འབྲེལ་མཐུད། ལྷོ་རྒྱུད་གསར་འབྱེད། བྱང་རྒྱུད་རྒྱ་སྲིང་བཅས་ཀྱི་ཕྱོགས་བཞིར་རྒྱ་སྐྱེད་ཀྱི་ཕྱོགས་མང་རིམ་མང་གི་སྒོ་འབྱེད་གནས་བབ་བསྐྲུན་དགོས། ནུས་རིམ་མཐོན་པོའི་སྒོ་འབྱེད་སྟེགས་བུ་བཙུགས་ནས། གླིང་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་ནུས་པ་འཐུས་ཚང་དུ་གཏང་དགོས།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན། ཁྱད་ཡོན་གསབ་རེས་དང་མཐུན་སྦྱོར་མཉམ་སྐུལ་གྱི་ས་ཁོངས་འཕེལ་རྒྱས་བཀོད་བབ་གསར་དུ་གཏོད་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བསྐུལ་ཏེ། འཕར་སྣེ་གཅིག་དང་དཔལ་འབྱོར་དར་ལམ་གཅིག། ཡུག་སྡེ་གསུམ་གྱི་འཕེལ་རྒྱས་བཀོད་བབ་ལེགས་སུ་གཏོང་ཞིང་། དར་མདོ་གྲོང་ཁྱེར་གྱི་བྱེད་ནུས་ལྷོད་བཀྲོལ་རྒྱ་སྐྱེད་ལས་གཞི་སྤེལ་ནས་ཁུལ་ཡོངས་ཀྱི་འཕར་སྣེ་གཙོ་བོར་གཏོད་རྒྱུ་དང་། ཁྲོན་བོད་དཔལ་འབྱོར་དར་ལམ་སྐྲུན་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ཚན་པ་མཉམ་སྐུལ་འཕེལ་རྒྱས་ཆེ་རུ་བཏང་སྟེ། རྫོང(གྲོང་ཁྱེར)ཁག་བར་ལས་བགོས་མཉམ་ལས་དང་གནས་བརྗེ་འཕེལ་རྒྱས། ཕྲེང་རྒྱུས་འབྲེལ་ཆགས་ཡོང་བར་བསྐུལ་དགོས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་ཡོང་བར་བསྐུལ་ཏེ། ཁྱད་ཆོས་མངོན་པར་གསལ་ཞིང་ཁྱད་ཡོན་གསབ་རེས་ཀྱི་རྫོང་ཁོངས་གཙོ་སྣེ་ཐོན་ལས་ཧུར་ཐག་སྐྱེད་སྲིང་བྱས་ནས། རྫོང་ཁོངས་ཁྱད་ཆོས་ཐོན་ལས་ཁྱུ་ཚོགས་ཅན་དང་གཅིག་འདུས་ཅན་དུ་འཕེལ་རྒྱས་ཡོང་བ་བྱ་དགོས། ཡུལ་བབ་དང་བསྟུན་ནས་དམིགས་བསལ་བྱེད་ནུས་ཁུལ་བསྐྲུན་ཏེ། བྱེད་པོའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་ལག་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་འདུས་གསར་འབྱེད་ཀྱི་མཐའ་མཚམས་དང་ཐོན་ལས་འཕེལ་རྒྱས་ཀྱི་བར་ཁོངས། སྐྱེ་ཁམས་བར་སྟོང་བཅས་ཇེ་ལེགས་སུ་གཏོང་ཞིང་། དམིགས་བསལ་བྱེད་ནུས་ཁུལ་བཀོད་བབ་དང་བསྐྱར་མཐུན་ཡོང་བའི་བླང་བྱ་དོན་ལ་འཁྱོལ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་གནས་བབ་ཤུགས་ཆེན་བསྐྲུན་དགོས། མི་གཙོ་བོར་འཛིན་པའི་གྲོང་འདུས་ཅན་གསར་པར་སྐུལ་ཤུགས་ཆེ་རུ་བཏང་སྟེ། ལྟེ་གནས་གཅིག་དང་ཟུར་པ་གཉིས། གནད་ས་གསུམ། གྲོང་རྡལ་གྲགས་ཅན་མང་བ་བཅས་ཀྱི་གྲོང་འདུས་མ་ལག་སྐྱོང་ཤུགས་ཆེ་རུ་གཏོང་ཞིང་། ཆུ་གློག་དྲོད་གསུམ་ཡོད་ཅིང་གནས་འཕྲོད་པ་སོགས་ཀྱི་གྲོང་འདུས་བྱེད་ནུས་ཇེ་ཆེར་གཏོང་བའི་ལས་གཞི་ལག་ལེན་བསྟར་བ་དང་། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག། བསྟུན་མཁས། ཤེས་དཔལ། བློ་རིག་བཅས་འཛོམས་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་བསྐྲུན་དགོས། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བསྐུལ་ཏེ། རོགས་སྐྱོར་གནད་སྨིན་རྒྱུན་འཁྱོངས་དང་། དབུལ་ལོག་དབུལ་འགྱུར་འགོག་པའི་ལམ་སྲོལ་རྒྱུན་རྣམ་ཅན་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་ཤིང་། ཡུལ་སྡེ་དར་རྒྱས་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་སྲིད་ཇུས་ལག་ལེན་ནན་ཏིག་བསྟར་བ། ནང་སྐྱེས་སྒུལ་ཤུགས་སློང་བར་དོ་སྣང་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་ཡོང་བར་ཁག་ཐེག་བྱ་དགོས། དུས་རབས་གསར་པའི་ཆུ་ཚད་དེ་བས་མཐོན་པོ་ཡིན་པའི་མཐོ་སྒང་འབྲུ་མཛོད་བསྐྲུན་ཏེ། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་ཤིང་། ཕྱོགས་ཡོངས་ནས་འབྲུ་རིགས་ཉེན་མེད་ཀྱི་རྨང་གཞི་སྲ་བརྟན་དུ་གཏང་དགོས། འདུ་འགོད་ཁྲི་སྟོང་གི་ཉམས་མྱོང་སྦྱངས་ནས་སྤྱད་དེ། གནས་འཕྲོད་ལས་འཚམ་མཐུན་མཛེས་ཡུལ་སྡེ་འཛུགས་པར་བསྐུལ་དགོས། གྲོང་ཡུལ་གྲུབ་རྐྱེན་ཕྱོགས་གཉིས་སུ་འཁོར་རྒྱུག་ཡོང་བར་བསྐུལ་ཏེ། སྤྱི་པའི་ཞབས་ཞུ་དེ་བས་མང་པོ་ཞིང་འབྲོག་ཁུལ་རྒྱ་ཆེན་ལ་ཁེབས་པར་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་ཤུགས་རྒྱུན་མཐུད་དེ་ཆེ་རུ་གཏང་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་འགུགས་བླ་སྐྱོང་བྱེད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་སྐྱེད་སྲིང་དང་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་སྐྱོང་བར་ནན་ཏིག་བསྐུལ་ནས། མོས་མཐུན་ལྔ་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་འཕེལ་རྒྱས་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། རྒྱང་སྐྱོད་དང་འབྲི་ཆུ། རྨ་ཆུ་བཅས་རྒྱལ་ཁབ་རིག་གནས་གླིང་ག(དཀར་མཛེས་ཁུལ་ལམ་མཚམས)མགྱོགས་པོར་བསྐྲུན་དགོས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་མུ་མཐུད་དེ་ཟབ་སར་སྤེལ་ཏེ། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཡོང་བའི་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོང་དགོས། ཐབས་ལམ་སྣ་མང་ནས་ལས་ཞུགས་གང་ལེགས་ཡོང་བར་བསྐུལ་ཏེ། ལས་ཞུགས་ཀྱི་ཤོང་ཚད་རྒྱ་སྐྱེད་དང་ལས་ཞུགས་སྤུས་ཚད་མཐོ་རུ་གཏང་དགོས། མི་དམངས་ཡི་རང་བའི་སློབ་གསོ་གཉེར་ཏེ། སློབ་གསོའི་སྤུས་ཚད་སྤོར་བའི་འདུ་འགོད་ལག་ལེན་བསྟར་བ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བྱིས་སློབ་ཁང་བཅས་གཞི་གཅིག་ཅན་གྱི་བསམ་བློ་ཆབ་སྲིད་ལས་དོན་མ་ལག་དང་བསྐྱང་བྱ་ལྔ་དམ་འཛིན་མཉམ་བྱེད་ཀྱི་ཕྱོགས་འདུས་མི་སྐྱོང་མ་ལག། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཁུལ་བཅས་རམ་འདེགས་མི་སྐྱོང་ལམ་སྲོལ་བཅས་འཐུས་ཚང་དུ་གཏང་དགོས། བདེ་ཐང་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་བསྐུལ་ཏེ། འཕྲོད་བསྟེན་སྤུས་ཚད་སྤོར་བའི་འདུ་འགོད་ལག་ལེན་བསྟར་བ་དང་། བདེ་ཐང་གིས་སྲིད་ཇུས་ལམ་ལུགས་ལ་སྐུལ་བའི་མ་ལག་འཐུས་ཚང་དུ་བཏང་ནས། སྨན་བཅོས་ཐོན་ཁུངས་བཟང་པོ་རྒྱ་སྐྱེད་དེ་གཞི་རིམ་ལ་ཕྱོགས་པ་དང་ས་ཁོངས་བཀོད་བབ་དེ་བས་ཆ་སྙོམས་ཡོང་བར་བསྐུལ་དགོས། སྤྱི་པའི་རིག་གནས་ཞབས་ཞུ་མཁོ་སྤྲོད་སྤུས་ཚད་མཐོ་རུ་བཏང་སྟེ། གྲོང་ཡུལ་རིག་གནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས། སྤྱི་ཚོགས་འགན་སྲུང་ཆུ་ཚད་བརྟན་པོའི་ངང་འཕར་བར་བསྐུལ་ཏེ། དམངས་འཚོ་ཞབས་སྐྱོང་འདུ་འགོད་ལག་ལེན་བསྟར་དགོས། བོད་འབྲེལ་ས་ཁུལ་མཉམ་དུ་ཕྱུག་འབྱོར་ཡོང་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རིམ་པ་མང་བའི་ཡོང་འབབ་བགོ་བཤའ་མ་ལག་འཛུགས་པ་དང་། ཕྱག་ཕྲེང་རྫོང་མཉམ་དུ་ཕྱུག་འབྱོར་ཡོང་བའི་ཚོད་ལྟ་རྫོང་འཛུགས་ཤུགས་ཆེ་རུ་བཏང་ནས། བོད་འབྲེལ་ས་ཁུལ་གྱི་ཁྱད་ཆོས་ཡོད་པའི་ཉམས་མྱོང་གྲུབ་འབྲས་མགྱོགས་པོར་ཆགས་པ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན། ཤུགས་མུ་མཐུད་བརྒྱབ་སྟེ་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་པོར་བསྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ལས་གཞི་ལག་ལེན་བསྟར་བ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བཅོས་སྐྱོང་རྒྱུད་རིམ་ལྡན་པ་ལ་གཅིག་གྱུར་འཆར་འགོད་ཀྱིས་བསྐུལ་དགོས། སྐྱེ་དངོས་སྣ་མང་སྲུང་ཤུགས་ཆེ་རུ་གཏོང་ཞིང་། འབྲི་ཆུར་ལོ་བཅུར་ཀླུང་རྒྱ་སྡོམ་པའི་ལས་དོན་རྒྱུན་མཐུད་དེ་དམ་འཛིན་ཡག་པོ་བྱེད་ཅིང་། མཛེས་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏང་དགོས། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་ཟོན་ལ་ཤུགས་བརྒྱག་དགོས། སྦགས་མེད་ཐོན་སྐྱེད་འཚོ་བ་བྱེད་སྟངས་དར་སྤེལ་བཏང་སྟེ། བརྟན་ཐོག་ཧུར་ཐག་གིས་ཐཱན་ཚད་ལོན་ལ་སྐུལ་འདེད་དང་མངོན་འགྱུར་ཡོང་བ་བྱེད་ཅིང་། ནུས་ཁུངས་དང་བཟོ་ལས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཐཱན་ཉུང་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་རྒྱ་སྐྱེད་གཏང་དགོས།
ཚང་འཛོམས་གྲོས་ཚོགས་སུ་བཏོན་དོན། ཆུ་ཚད་དེ་བས་མཐོན་པོའི་དུས་བདེ་དཀར་མཛེས་ཁུལ་བསྐྲུན་དགོས། ཁྲིམས་ལྟར་ཁྱོན་ཡོངས་ནས་ཁུལ་སྐྱོང་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་འཛུགས་ཚན་རིག་དང་མཐུན་ཞིང་། ཁྲིམས་བསྟར་ནན་པོ་ཡིན་པ། ཁྲིམས་འཛིན་དྲང་གཞག་ཡིན་པ། དམངས་ཡོངས་ཀྱི་ཁྲིམས་སྲུང་བ་བཅས་རམ་འདེགས་ཀྱིས་བསྐུལ་དགོས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་ཆབ་སྲིད་ཉེན་མེད་ཡོང་བར་སྲུང་བ་དང་། རྒྱལ་ཁབ་བདེ་འཇགས་འགན་འཁྲི་ལམ་ལུགས་དོན་ལ་འཁྱོལ་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་བདེ་འཇགས་ཆུ་ཚད་མཐོན་པོར་ཡོང་བ་མཉམ་སྐུལ་ཡག་པོ་ཡོང་བ་བྱ་དགོས། རྒྱུད་རིམ་ལྡན་པའི་སྒོ་ནས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྐུལ་ཏེ། ཆོས་ལུགས་ལས་དོན་ཁྲིམས་ལྟར་ཚད་ལྡན་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། བློ་བརྟན་འགྱུར་མེད་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་མེད་བརྟན་པོར་བསྲུངས་ཏེ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་དོན་ལ་འཁྱོལ་དགོས། དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏང་དགོས། འཚུབ་བསྟུན་དོ་དམ་མ་ལག་ནུས་པ་དེང་རབས་ཅན་དུ་བསྐུལ་ཏེ། ཉེན་མེད་རྨང་གཞི་བརྟན་པོར་བཟོ་བའི་འདུ་འགོད་ལག་ལེན་བསྟར་ནས། ཉེན་མེད་ཐོན་སྐྱེད་དང་གནོད་འགོག་གནོད་བསྙུང་ནུས་པ་རྒྱུད་རིམ་ལྡན་པས་ཆེ་རུ་གཏང་དགོས།
ཚང་འཛོམས་གྲོས་ཚོགས་སུ་ནན་པོར་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་རིམ་གྱི་མདུན་སྐྱོད་མཉམ་ཤུགས་ཁྱོན་ཡོངས་ནས་གཅིག་ཏུ་བསྒྲིལ་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་ཅིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིམ་ཁག་མགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་བསྐོས་བྱས་ཏེ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་བསྐུལ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་བསྐུལ་ཏེ། སྲོལ་གཙང་ལུགས་དྲང་གི་ཆབ་སྲིད་ཁོར་ཡུག་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་བསྐུལ་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས། འཆར་འགོད་བཟོ་བ་དང་དོན་ལ་འཁྱོལ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་མ་སྐུལ་དང་ལེན་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ནས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་སྒྲུབ་ལས་གཏོད་དང་གསར་གཏོད་གསར་འཛུགས་ཀྱི་གསོན་ཤུགས་བསླང་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སྒྲོག་སྦྱོང་ལག་ལེན་དུ་བསྟར་བ་ནི་ད་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཁུལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། ཚ་ཚ་འུར་འུར་གྱི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དྲིལ་སྒྲོག་དང་ལག་ལེན་བསྟར་བ་དང་། གོང་དཔེས་འོག་སྟོན་རྒྱུན་འཁྱོངས་ཤིང་། རང་སྦྱོང་དང་གཅིག་བསྡུས་ཞིབ་འཇུག་སློབ་སྦྱོང་། ཁག་བགོས་ཁྲིད་སྦྱོང་སོགས་ཟུང་དུ་སྦྲེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལས་ཁུངས་དང་སློབ་གྲྭ། ཁེ་ལས། སྤྱི་ཁུལ། ཡུལ་སྡེ། དགོན་པ་བཅས་སུ་བསྒྲག་པ་དང་། ཏང་ཀྲུང་དབྱང་གི་སྲིད་ཆེན་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་ནས་ཕན་འབྲས་ཐོན་པར་མཐའ་གཅིག་ཏུ་བསྐུལ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་བྱ་སྤྱོད་གཅིག་གྱུར་ནན་ཏིག་བྱ་དགོས། ལས་དོན་གཙོ་བོར་དམིགས་ནས་ལས་འགན་ཁག་སྤྱི་འདོམས་བྱས་ནས་བསྐུལ་དགོས། ལས་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་ཕན་འབྲས་ཡོད་པའི་འཇོག་རྒྱ་ཤུགས་ཡོད་རྒུས་ཆེ་རུ་གཏང་དགོས། ཏང་གིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏང་བ། འཇུག་སྒོ་དང་ཤུགས་རྒྱག་ས་གནད་ལ་སྨིན་བ་བཙལ་ཏེ། གཟེར་འདེབས་པའི་སྙིང་སྟོབས་མི་གཡོ་བས་ཁུལ་ཨུའི་བཀོད་སྒྲིག་ཁག་མཐར་ཐུག་ཕན་འབྲས་ཐོན་པར་བྱ་དགོས། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཡག་པོར་སྒྲུབ་པ་དང་། འཆར་འགོད་རྩ་གནད་འཐུས་ཚང་དུ་གཏོང་བར་དམ་འཛིན་ཡག་པོ་དང་། སང་ལོའི་ལས་དོན་ཚན་རིག་དང་མཐུན་པ་འཆར་འགོད་བྱས་ཏེ། ཉེན་མེད་བརྟན་བརླིང་ཡོང་བ་མཐའ་གཅིག་ཏུ་ཁག་ཐེག་བྱེད་ཅིང་། མང་ཚོགས་ལས་དོན་ནན་ཏིག་སྒྲུབ་པ། ལས་དོན་སྒྲིག་ལམ་ལག་ལེན་ནན་པོ་བསྟར་བ་བཅས་ཀྱི་ཐོག་ནས་ད་ལོའི་མཇུག་ཡག་པོ་བསྡུ་བ་དང་སང་ལོའི་འགོ་ཡག་པོ་བརྩམ་དགོས།
ཚང་འཛོམས་གྲོས་ཚོགས་སུ་འབོད་སྐུལ་བྱས་དོན། འཆར་རིས་གསར་པ་ལེགས་པར་བྲིས།། འབད་འཐབ་རྒྱང་ལམ་གཏོད་ལ་རན།། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་ཅིང་། ཐེག་ཆེན་གྱིས་འགན་འཁྲི་འཁུར་བ་དང་སྤོབས་པ་ཆེན་པོས་ཧུར་དུ་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབད་པས་བྲིས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་སྟོབས་ཤུགས་མང་པོ་བྱས་རྗེས་སུ་འབུལ་དགོས་སོ།། ( སྐལ་ཐུབ་དང་མཁས་གྲུབ་ཀྱིས་བསྒྱུར།)
