国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་སྲིད་གྲོས་ཏང་ཚན་ཁག་གི་ཚོགས་འདུ་ཐེངས30པ་དང་ ཀྲུའུ་ཞིའི་ཚོགས་འདུ་ཐེངས31པ་འཚོགས།

ཉེ་ཆར། ཁུལ་སྲིད་གྲོས་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་ཞི་ཀྲང་ཐུང་རུང་གིས་ཁུལ་སྲིད་གྲོས་ཏང་ཚན་ཁག་གི་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས30པ་དང་། ཀྲུའུ་ཞིའི་ཚོགས་འདུ་ཐེངས31པ་གཙོ་སྐྱོང་གནང་། ཚོགས་འདུར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། 2025ལོའི་ལོ་འཁོར་གྱི་ཁུལ་སྲིད་གྲོས་ཨུ་ཡོན་གྱི་ལས་འགན་སྒྲུབ་པའི་གནས་ཚུལ་དང་ཨུ་ལྷན་ཁག(གཞུང་ལས་ཁང་)གི་ལས་ཀའི་སྙན་ཞུར་ཉན་འཇོག་དང་། ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པ་འཚོགས་པའི་འབྲེལ་ཡོད་ལས་དོན་དང་མི་དོན་ལས་དོན་ལ་གྲོས་ཞིབ། ཉེ་དུས་ཀྱི་ལས་དོན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

( པར་ངོས་བཞི་པར་གཟིགས།)