国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཕྱོགས་གསུམ་ལ་ཤུགས་བརྒྱབ་སྟེ། མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བསྐྲུན།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་འཆར་འགོད་ཀྱིས་སྣེ་ཁྲིད་པ་དང་། སྦགས་བཙོག་བཅོས་སྐྱོང་ནན་པོ། རིན་ཐང་བརྗེ་སྤོར་བྱས་པར་བརྒྱུད་དེ། ཕྱོགས་གསུམ་ནས་ཤུགས་བརྒྱབ་སྟེ་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བསྐྲུན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་ཚད་གཞི་མཐོན་པོས《མཛེས་སྡུག་ལྡན་པའི་དཀར་མཛེས་འཛུགས་སྐྲུན་འཆར་འགོད(2024-2035ལོའི་བར)》བཟོ་འགོད་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་སུ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྔོན་ལ་འཆར་འགོད་བཟོ་འགོད་ལེགས་གྲུབ་བྱས་པ་རེད། དམིགས་ཚད་གཙོ་བོ་ཁག35ལ་དམིགས་ཏེ། སྐྱེ་ཁམས་ཉམས་གསོ་དང་སྦགས་བཙོག་བཅོས་སྐྱོང་སོགས་གཙོ་གནད་ལས་གཞི75ལག་བསྟར་ཤུགས་ཆེན་བྱས་ནས། བསྡོམས་འབོར་མ་དངུལ་སྒོར་དུང་ཕྱུར173.87བཏང་ཡོད། “གཟའ་འཁོར་རེ་ལ་བཀོད་གཏོང་དང་། གྲོས་མོལ་ཞིབ་འཇུག། བརྡ་ཁྱབ་ལྟ་སྐུལ"བཅས་ཀྱི་ལམ་སྲོལ་གསར་འཛུགས་དང་ཆེད་གཉེར་ཚོ་ཆུང་བཙུགས་ནས་དམིགས་ཚད་ཁྱོན་ཡོངས་ནས་ཚད་ལ་བསླེབ་རྒྱུར་བསྐུལ། ད་སྔའི་བར། རྒྱལ་སྤྱིའི་འདམ་ར་གལ་ཆེན2དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་རྫོང1དང་།“གསེར་རི་དངུལ་རི”ཡི་ལག་ལེན་གསར་གཏོད་རྟེན་གཞི3བདེ་བླག་ངང་གསར་སྐྲུན་བྱས་ནས་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་གཙོ་བོའི་ཚད་དཔོག་ལ་དམིགས་ནས་གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མའི་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་སྟེ། ཁུལ་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་བཟང་ཚད་དང་ས་ངོས་ཆུའི་སྤུས་བཟང་ཚད། འཐུང་ཆུའི་ཆུ་འགོའི་སྤུས་བཟང་ཚད་བཅས་ལོ་བསྟུད་མར7བརྒྱ་ཆ་བརྒྱ་ལ་ཟིན་པ་དང་། སྤྱི་པའི་སྐྱེ་ཁམས་ཁོར་ཡུག་ལ་ཡི་རང་ཚད་ལོ་བསྟུད་མར4ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན། སྐྱེ་ཁམས་རྒྱས་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྲིད་ཇུས་ཁྲིད་སྟོན་དང་ཁྲོམ་ར་འཁོར་སྐྱོད། ལག་རྩལ་འདེགས་སྐྱོར་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་གསར་གཏོད་བྱས་ནས། ཐཱན་སྙོམས་འགྱུར་ནགས་ཚལ་མུའུ7580བསྐྲུན་ཏེ་དེར་ཞུགས་ཞིང་འབྲོག་པའི་ཆ་སྙོམས་ཡོང་འབབ་སྒོར14250འཕར་ཡོད་པ་དང་། ནུས་རྒྱུ་གཙང་མའི་འཕྲུལ་འདོན་གློག་བསྡོམས་འབོར་སྟོང་ཝད་ཁྲི2000ལས་བརྒལ་ཡོད། ལྷད་མེད་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་གཅོད་རྒྱ་ཁྱོན་སྤྱི་ཆུན་ཁྲི42.75ལ་ཟིན་པ་དང་སྐྱེ་ཁམས་རིན་ཐང་བསྒྱུར་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)