国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་སྒེར་གྱིས་ཁང་པ་འདི་རིགས་ཉོས་ན་གནས་ཐང་འཕར་ཁྲལ་མི་དགོས།

ཉེ་ཆར།ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《མི་སྒེར་གྱིས་སྡོད་ཁང་ཕྱིར་ཚོང་བྱེད་པའི་གནས་ཐང་འཕར་ཁྲལ་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པར་གསལ་པོར་བསྟན་དོན།

མི་སྒེར་གྱིས(ཁེར་རྐྱང་བཟོ་ཚོང་དུད་ཚང་ནང་གི་སྤྱིར་བཏང་ཁྲལ་འཇལ་མཁན་ཚུད་མེད། གཤམ་དུ་གཅིག་པ་ཡིན)ཉོས་ནས་ལོ2མ་ཟིན་པའི་སྡོད་ཁང་ཕྱིར་འཚོང་བྱེད་ཚེ། བསྡུ་ཚད་བརྒྱ་ཆ3ལྟར་གནས་ཐང་འཕར་ཁྲལ་ཆ་ཚང་འཇལ་དགོས།

མི་སྒེར་གྱིས་ཉོས་ནས་ལོ2ཡན(ལོ2ཚུད་ཡོད)གྱི་སྡོད་ཁང་ཕྱིར་འཚོང་བྱེད་ན། གནས་ཐང་འཕར་ཁྲལ་འཇལ་མི་དགོས།

སྤྱི་བསྒྲགས་འདི2026ལོའི་ཟླ་དང་པོའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ།

《ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གཉེར་སྐྱོང་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་ལ་བསྒྱུར་བའི་ཚོད་ལྟ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་སྐོར་གྱི་བརྡ་ཐོ》(ནོར་སྲིད་དཔྱ་ཁྲལ[2016)ཨང36པ)ཟུར་བཀོད3པའི《གཉེར་སྐྱོང་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་ལ་བསྒྱུར་བའི་ཚོད་ལྟའི་བར་བརྒལ་སྲིད་ཇུས་སྐོར་གྱི་གཏན་འབེབས》ཀྱི་དོན་ཚན་ལྔ་པའི་ནང་གསེས་དོན་ཚན་དང་པོ་དུས་མཉམ་དུ་ལག་བསྟར་བྱེད་མཚམས་འཇོག་དགོས། 2026ལོའི་ཟླ་དང་པོའི་ཚེས1ཉིན་གོང་ལ་མི་སྒེར་གྱིས་སྡོད་ཁང་ཕྱིར་ཚོང་དང་འབྲེལ་བ་ཡོད་པའི་གནས་ཐང་འཕར་ཁྲལ་འཇལ་སྤྲོད་སྙན་སེང་ཞུས་མེད་ན། སྤྱི་བསྒྲགས་འདིའི་གཏན་འབེབས་དང་མཐུན་པ་རྣམས་སྤྱི་བསྒྲགས་འདི་ལྟར་ལག་བསྟར་བྱ་ཆོག།

( ནོར་བུས་བསྒྱུར།)