( པར་ངོས་དང་པོར་མཐུད། )
ཚོགས་འདུར་ནན་པོར་བསྟན་དོན། ད་ལོའི་ལས་ཀའི་འཆར་གཞི་དང་ལས་འགན་ཁག་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་ཚུལ་དཔེར་བསྡུར་གཞིར་བསྡུར་བྱས་ཏེ། ལས་འགན་ཁག་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་ལེགས་པར་བསྒྲུབས་ཤིང་ལོ་འཁོར་གྱི་ལས་དོན་ལེགས་གྲུབ་དང་ཕྱི་ལོའི་ལས་དོན་ཁག་འགོ་ཡག་པོ་འཛུགས་པར་འགན་ལེན་བྱ་དགོས། ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་པའི་་གྲ་སྒྲིག་ཞིབ་ཚགས་བྱེད་ཅིང་། ལས་གནས་དང་འགན་འཁྲི། མི་སྣ། ཚད་གཞི། དུས་ཚོད་བཅས་གཏན་འཁེལ་ལྔའི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་བ་དང་། གཅིག་གྱུར་འཆར་འགོད་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤུགས་གཅིག་སྒྲིལ་གྱིས་བསྐུལ་བ། ཚོ་ཆུང་ཚང་མའི་ལས་ཀའི་ཇུས་གཞི་དང་ལས་འགན་གསལ་ཐོ། ལས་ཀའི་གོ་རིམ་བཅས་ཞིབ་ཕྲ་བཟོ་བ་དང་། ལས་དོན་ཧྲིལ་སྐྱོང་ལེགས་འདོམས་སུ་ཆགས་པ་དང་། སེམས་ཤུགས་དང་བརྩེ་སེམས་གཅིག་སྒྲིལ་གྱིས་སྒྲིག་འཛུགས་ལས་དོན་ཁག་ལེགས་པར་བསྒྲུབས་ནས་ཚོགས་ཆེན་དུས་བཀག་ལྟར་བདེ་བླག་ངང་འཚོག་ཐུབ་པ་ཁག་ཐེག་བྱ་དགོས།
ཚོགས་འདུར2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བཀོད་སྒྲིག་ལག་ལེན་བསྟར་འགོ་འཛུགས་པའི་ལོ་ཡིན་པ་རེད། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་ཚོས་ཀྲུང་དབྱང་གི་སྲིད་འཛིན་བྱེད་ཕྱོགས་ཆེན་པོ་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་འཚོག་ཉེར་ཡོད་པའི་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ལས་འགན་གཙོ་བོ་ལ་དམིགས་ནས་གྲོས་གཞི་གཏན་འཁེལ་བྱེད་ཅིང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བཀོད་སྒྲིག་ལག་ལེན་བསྟར་བ་དང་། ཐོན་ལས་གཤོ་བསྒྱུར་རིམ་སྤོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཐབས་ཇུས་འགོད་པ། 2026ལོའི་ལས་ཀའི་གཙོ་གནད་དང་གྲོས་མོལ་འཆར་གཞི་ནན་ཏན་གྱིས་བཟོས་ཏེ། སང་ལོའི་སྲིད་གྲོས་ལས་དོན་གྱི་ཇུས་གསར་གཉེར་བ་དང་འགོ་ཡག་པོ་འཛུགས་པར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བསྟན་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
