国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཏུན་པུའུ་ཡ་ཀི་ནེ་ཡ་པི་སོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་དང་པོའི་ཚེས5ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ་དང་པོའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་མ་མ་ཏི·ཏུན་པུའུ་ཡ་ཀི་ནེ་ཡ་པི་སོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀི་ནེ་ཡ་པི་སོ་ནི་ས་ཧ་ལའི་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁར་ཀྲུང་གོ་གསར་པས་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཐོག་མ་དེ་རེད། དུས་ཡུན་རིང་པོའི་ནང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་དང་། ཐུན་མོང་འཕེལ་རྒྱས་གཏོང་བའི་ཁྲོད་གྲུབ་འབྲས་གཟེངས་སུ་ཐོབ་པའི་མཉམ་ལས་བྱས་ཡོད། ངས་ཀྲུང་གོ་དང་ཀི་ནེ་ཡ་པི་སོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་ཏུན་པུའུ་ཡ་དང་ལྷན་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་འགྲོ་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།།( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)