国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ཆེན་ཏང་ཨུ་སྐོར་ལྟ་ཚོ་ཆུང་གཉིས་པས་དཀར་མཛེས་ ཁུལ་དུ་སྐོར་ལྟ་བྱས་ཚུལ་སྐོར་གྱི་གནད་དོན་ ཕྱིར་བསློགས་ཚོགས་འདུ་འཚོགས།

སྤྱི་ཟླ་དང་པོའི་ཚེས7ཉིན།ཞིང་ཆེན་ཏང་ཨུའི་སྐོར་ལྟ་ཚོ་ཆུང་གཉིས་པས་དཀར་མཛེས་ཁུལ་ལ་སྐོར་ལྟ་བྱས་ཚུལ་སྐོར་གྱི་གནད་དོན་ཕྱིར་བསློགས་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་སྐོར་ལྟ་ཚོ་ཆུང་གཉིས་པའི་ཚོ་དཔོན་དབྱིན་ཞན་ཡའོ་ཡིས་སྐོར་ལྟ་གནས་ཚུལ་ཕྱིར་སློག་ཞུས་པ་དང་ཞིང་ཆེན་ཏང་ཨུའི་སྐོར་ལྟ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་མངགས་བཅོལ་ལྟར་ཞིང་ཆེན་ཏང་ཨུ་སྐོར་ལྟ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཅེ་ཡིས་དཀར་མཛེས་ཁུལ་ཨུ་ལ་དག་ཐེར་ལེགས་བསྒྱུར་ལས་དོན་དམ་འཛིན་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཕྱིར་སློག་ཚོགས་འདུ་གཙོ་སྐྱོང་གནང་ཞིང་སྐོར་ལྟ་བཅོས་སྒྲིག་ལས་དོན་ཡག་པོ་བྱ་རྒྱུའི་ཐད་རྣམ་འགྱུར་གཏམ་བཤད་གནང་བ་རེད། ཚོགས་འདུ་མ་འཚོགས་གོང་ཞིང་ཆེན་ཏང་ཨུའི་སྐོར་ལྟ་ཚོ་ཆུང་གཉིས་པས་བློ་མཐུན་ཀྲའོ་པོ་ལ་སྐོར་ལྟ་གནས་ཚུལ་ཁེར་རྐྱང་དུ་ཕྱིར་སློག་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ལྟ་ལས་དོན་སྐོར་གྱི་འབྲེལ་ཡོད་སྙིང་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། ཁོང་གིས་སྐོར་ལྟ་བཅོས་སྒྲིག་གི་འགན་འཁུར་མཁན་དང་པོའི་འགན་འཁྲི་ལག་བསྟར་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར2025ལོའི་ཟླ་བ8པའི་ཚེས25ཉིན་ནས་སྤྱི་ཟླ11པའི་ཚེས21ཉིན་བར་ཞིང་ཆེན་ཏང་ཨུའི་སྐོར་ལྟ་ཚོ་ཆུང་གཉིས་པས་མི་རེ་རེ་བྱས་ནས་གླེང་མོལ་དང་། མང་ཚོགས་ཀྱི་ཁ་པར་དང་འཕྲིན་ཡིག།འདྲི་བཅར་དང་ལེན་དང་།དཔྱད་ཡིག་ལྟ་ཞིབ། སྐྱོད་འདྲི་བརྟག་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་དཀར་མཛེས་ཁུལ་གྱི་རྒྱུན་ཚུལ་སྐོར་ལྟ་བྱས་པ་རེད། སྐོར་ལྟ་བྱེད་རིང་ད་དུང་མི་འདེམས་མི་སྤྱོད་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་སྐོར་ལྟ་ལས་དོན་གྱི་ཆེད་དོན་ཞིབ་བཤེར་བཅས་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།སྐོར་ལྟ་ཚོ་ཆུང་གིས་འོག་རིམ་ལ་སྐོར་དཔྱོད་སྣེ་ཁྲིད་བྱེད་པའི་བླང་བྱ་ལྟར་དཀར་མཛེས་ཁུལ་ཨུ་སྐོར་དཔྱོད་ལས་ཁུངས་ཀྱིས་ཁུལ་སྒྲིག་ཁྲིམས་ལྟ་སྐུལ་ཨུ་ལྷན་དང་ཁུལ་ཨུ་རྩ་འཛུགས་པུའུ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། དཀར་མཛེས་ལས་རིགས་སློབ་གླིང་བཅས་ལ་མཉམ་དུ་སྐོར་ལྟ་བྱས་པ་དང་། དར་མདོ་དང་ལྕགས་ཟམ། རོང་བྲག། ཕྱག་ཕྲེང་། འདབ་པ། སྡེ་རོང་སོགས་རྫོང(གྲོང་ཁྱེར)དྲུག་གི་སྒྲིག་ཁྲིམས་ཨུ་ལྷན་དང་ལྟ་ཞིབ་ལས་ཁུངས།ཏང་ཨུ་རྩ་འཛུགས་པུའུ་བཅས་ལ་སྐོར་དཔྱོད་བྱས་པ་རེད།

( པར་ངོས་གསུམ་པར་གཟིགས།)