སྤྱི་ཟླ་དང་པོའི་ཚེས5ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོ་ཆུང་སྣེ་ཁྲིད་དེ་ཁྲེང་ཏུའུ་རུ་ཕེབས་ནས་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་ཏའེ་ཡུང་པོ་དང་ལས་དོན་གྲོས་མོལ་བྱས་ནས་འབྲེལ་ཡོད་ལས་དོན་ཐད་སྤེལ་རེས་ཟབ་མོ་གནང་བ་རེད། གྲོས་མོལ་བྱེད་རིང་ཀྲའོ་པོ་དང་ཧྥུང་ཧྥ་ཀུའེ་ཡིས་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཀྲའོ་པོས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་བ་དང་།བོད་བརྟན་ཁམས་བདེའི་འཐབ་ཇུས་ཀྱི་གནས་ཐང་གལ་ཆེན་སྲ་བརྟན་ཡོང་བར་དམིགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་ཤིང་།དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་། སྲུང་སྐྱོང་ཆུ་ཚད་མཐོན་པོ། བཅོས་སྐྱོང་ཕན་ནུས་ཆེ་བ་བཅས་གཅིག་གྱུར་གྱིས་བསྐུལ་ཏེ་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད། དཀར་མཛེས་ཁུལ་གྱིས་གནས་བབ་དང་བསྟུན་ནས་མདུན་སྐྱོད་བྱེད་པ་དང་། རྗེས་སྙེགས་མཆོང་སྐྱོད་ཀྱི་དུས་མཚམས་གལ་ཆེན་འདི་ལ། ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་སྔར་རྒྱུན་ལྟར་སེམས་ཁུར་དང་རོགས་རམ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཟོ་འགོད་དང་། གློག་ཤུགས་ཕྱིར་སྐྱེལ་ཆེད་བགྲོད་ལམ།འཐེན་གསོག་གྲབས་གསོག་ལས་གཞི། ལྕགས་ལམ་ལས་གཞི་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། དཀར་མཛེས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་སྔར་བས་ལེགས་པར་བསྒྱུར་བར་སྐུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཏའེ་ཡུང་པོས་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དགོས་མཁོ་མ་སྐུལ་དང་བླངས་ཀྱིས་སྦྲེལ་མཐུད་བྱས་ཏེ་ཕྱོགས་བསྡུས་མཐུན་སྦྱོར་དང་། སྲིད་ཇུས་ཇུས་འགོད། ལས་གཞི་སྐུལ་འདེད་བཅས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཞན་ཆ་གསབ་པ་དང་ཕན་ཡུན་རིང་བའི་སྤུས་ཚད་མཐོ་བའི་ལས་གཞི་ཁག་གཅིག་མཐུན་སྦྱོར་འཆར་འགོད་དང་གསོག་འཇོག་བྱས་ཏེ། སྲིད་ཇུས་མཁོ་སྤྲོད་དང་ཐོན་ཁུངས་གཅིག་གྱུར་འཆར་འགོད་ལ་སྔར་བས་ཤུགས་བསྣན་ཏེ་དཀར་མཛེས་ཁུལ་གྱི་ཁྱད་ལྡན་ཐོན་ལས་མུ་མཐུད་ལེགས་སུ་གཏོང་བ་དང་།དམངས་འཚོ་ལེགས་སུ་གཏང་བར་རོགས་རམ་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཐུན་མོང་ཐོག་སྐུལ་དགོས། ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐའོ་ཅན་ཧྥུང་དང་། ཁུལ་གྱི་མགོ་ཁྲིད་ཡན་ལེ་དང་ཁྲེན་པོ་ཐའོ། ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་འབྲེལ་ཡོད་ཁྲུའུ་ཁང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་གྲོས་མོལ་ནང་ཞུགས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
