སྤྱི་ཟླ་དང་པོའི་ཚེས6ཉིན། ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། 《སྲིད་གཞུང་ལས་དོན་སྙན་ཞུ(གྲོས་བསྡུར་མ་ཟིན)》དང་འཕེལ་རྒྱས་དང་། ནོར་སྲིད། ཡུལ་སྡེ་དར་རྒྱས་སོགས་ཀྱི་སྙན་སེང་ལ་གྲོས་ཞིབ་དང་། 2025ལོའི་ལས་ཀར་ཕྱོགས་བསྡོམས་དང2026ལོའི་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།
ཚོགས་འདུར་བབ་བསྟུན་ཧུར་སྐྱོད་བྱས་ནས་མཆོང་བརྒལ་སྙེག་ཅིང་། སྔར་གྱི་གོ་རིམ་ལྟར་བསྒྲུབས་པའི་བསམ་བློ་མཐའ་གཅིག་ཏུ་དོར་ནས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་དང་། གོང་ནས་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། འོག་ནས་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ་རྒྱུན་འཁྱོངས་ཏེ་མུ་མཐུད་དུ་ཤུགས་རྒྱག་པ་དང་ཡུན་རིང་བྱས་རྗེས་འཇོག་དགོས། དུང་ཕྱུར་མང་པོའི་ནུས་ཁུངས་གཙང་མའི་རྟེན་གཞིའི་ལས་གཞི་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལས་གཞི། ཞིང་ལས་སྣེ་ཁྲིད་ལས་གཞི། སློབ་གསོ་དང་འཕྲོད་བསྟེན་སྤུས་ཚད་མཐོ་རུ་གཏོང་བའི་ལས་གཞི་སོགས་ཚོགས་ཆེན་བཅུ་བཞི་པའི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལས་གྲྭ་དམ་འཛིན་དང་ཞིབ་ཕྲ་བྱས་ཏེ། ས་གནས་དེ་ག་དང་ལས་རིགས་དེ་གའི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས། གོང་དཔེ་འོག་སྟོན་བྱས་ནས་སྤྱོད་ཚུལ་བཅོས། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་དང་། ལས་ཆོད་ཆེ་བའི་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་བཅས་འཛུགས་སྐྱོང་བྱེད་པར་མུ་མཐུད་སྐུལ་བ་དང་། ཆབ་སྲིད་ལ་མཐོང་ཆེན་དང་། མཐུན་སྒྲིལ་ལ་མཐོང་ཆེན། འགན་འཁུར་ཕོད་པ། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་པའི་མགོ་ཁྲིད་ཚན་ཁག་བསྐྲུན་ནས་ལས་བརྩི་ཆེད་ལས་ཀྱི་ལས་བྱེད་པའི་དཔུང་ཁག་སྦྱོང་བརྡར་བྱས་ནས། དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་ཡོད་རྒུས་བསྐུལ་དགོས་ཞེས་བླང་བྱ་བཏོན་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
