国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2026ལོར་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་ ལས་དོན་འདི་འདྲ་བསྒྲུབ་དགོས།

སྤྱི་ཟླ12པའི་ཚེས23ཉིན་ལ། ཞིང་ཆེན་ཏང་ཨུ་དཔལ་འབྱོར་ལས་དོན་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས་ཏེ། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་ཅིང་། ད་སྔའི་དཔལ་འབྱོར་གནས་བབ་ལ་དབྱི་ཞིབ་དང་། 2026ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། གྲོས་ཚོགས་སུ་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ད་དུང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུ་མ་ཡོད་ཅིང་། གནད་དོན་འདི་ཚོ་ཕལ་ཆེར་འཕེལ་རྒྱས་ཁྲོད་དང་གཤོ་སྒྱུར་བའི་ཁྲོད་ཀྱི་གནད་དོན་ཡིན་ལ་བྱོལ་ཐབས་མེད་པ་རེད། སྤྱི་ཁྱབ་ཐད་ནས་བལྟས་ན། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་བསྟུན་མཁས་རང་བཞིན་ཆེ་བ་དང་གསོན་ཤུགས་འདང་བ། གཏིང་ཤུགས་ཆེ་ཞིང་། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་ལ་འགྱུར་བ་མེད་ཅིང་། འདེགས་སྐྱོར་འདི་དག་གཙོ་བོར་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་བའི་སྤྱི་ཁོག་སྲིད་ཇུས་རྒྱབ་སྐྱོར་ཐད་ནས་མཚོན་ཐུབ་ཅིང་། རྒྱལ་ཁབ་ཀྱི་སི་ཁྲོན་ལ་སྤྲད་པའི་འཐབ་ཇུས་ལས་འགན་དུ་མཚོན་ཡོད་ལ། རང་རེའི་ཞིང་ཆེན་གྱི་རྨང་གཞི་བརྟན་པོ་དང་ཁོར་ཡུག་བཟང་པོའི་ཐད་ནས་མཚོན་ཡོད། ལྷག་པར་དུ་ཞིང་ཆེན་ཡོངས་ཀྱི་ཏང་མི་ལས་བྱེད་པ་རྒྱ་ཆེན་གྱིས་རིམས་ཆེན་འགོག་པ་དང་ཉེན་སེལ་གནོད་སྐྱོབ། ནུས་ཁུངས་མཁོ་སྲུང་། ཉེན་ཁ་འདུམ་འགྲིག། དཔལ་འབྱོར་འཕར་སྣོན་བརྟན་པོར་ཡོང་བ་སོགས་ཀྱི་ཁྲོད་དུ་ཉམས་སད་ཆེན་པོ་ཐེབས་ཡོད་པ་དང་། སྙིང་སྟོབས་ལ་ཞུན་བརྡར་ཐོབ་ཅིང་ནུས་པ་ཆེ་རུ་སོང་ནས། བྱ་གཞག་ལ་སྐུལ་བའི་འགྲིལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད་ཅེས་བསྟན་ཡོད།

གྲོས་ཚོགས་སུ་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་པར་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་ཧུར་ཐག་གིས་འཛུགས་པ་དང་། ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་ཉོ་འཚོང་འགྲན་རྩོད་ལ་སྔར་བས་གཅིག་གྱུར་འཆར་འགོད་དང་འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་གཅིག་གྱུར་འཆར་འགོད་བྱ་རྒྱུའི་བླང་བྱ་དོན་ལ་ཞིབ་ཕྲ་འཁྱོལ་བ་དང་། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ལེགས་སྒྱུར། འཕར་འབོར་ལེགས་སྐུལ། གསོག་འབོར་གང་འགྲིག་དེ་སྤྱོད་བཅས་མུ་མཐུད་དེ་བྱ་རྒྱུ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་པར་ཞབས་ཞུ་དང་དེའི་ཁྲོད་དུ་ཞུགས་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་ཟོན་འདུམ་འགྲིག་མུ་མཐུད་བྱེད་ཅིང་། ལས་ཞུགས་བརྟན་པོར་ཡོང་བ་དང་ཁེ་ལས་བརྟན་པོར་ཡོང་བ། ཁྲོམ་ར་བརྟན་པོར་ཡོང་བ། སྔོན་དཔག་བརྟན་པོར་ཡོང་བར་ཤུགས་སྣོན་པ་དང་། དཔལ་འབྱོར་སྤུས་ཚད་ཐད་ཕན་འབྲས་ཆེ་རུ་ཐོན་པ་དང་གྲངས་འབོར་ཐད་ལུགས་མཐུན་འཕར་བར་བསྐུལ་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་བྱ་དགོས་པ་བཏོན་ཡོད་པ་དང་འབྲེལ་ཕྱོགས་དྲུག་གི་ལས་འགན་གཙོ་བོ་དམ་འཛིན་ཡག་པོ་བྱ་དགོས་པ་བསྟན་པ་སྟེ།

གཅིག་ནི་ཐབས་བརྒྱ་ཇུས་སྟོང་གིས་དགོས་མཁོ་ཕན་འབྲས་ཡོད་པ་རྒྱ་སྐྱེད་བཏང་སྟེ། ནང་མཁོ་འཕར་བའི་བར་ཁོངས་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་བྱ་དགོས།

གཉིས་ནི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཤུགས་ཡོད་རྒུས་བསྐུལ་དགོས།

གསུམ་ནི་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཆེར་བྱས་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།

བཞི་ནི་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་ཤུགས་རྒྱུན་མཐུད་བརྒྱབ་སྟེ། གྲོང་ཡུལ་མཉམ་འདྲེས་དང་ས་ཁོངས་མཉམ་སྐུལ་ཡོང་བར་རྒྱུན་ཆད་མེད་པར་ཟབ་ཏུ་སྤེལ་དགོས།

ལྔ་ནི་བློ་གཅིག་སེམས་གཅིག་དང་བརྩེ་སེམས་ཆེན་པོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས།

དྲུག་ནི་ཕན་འབྲས་ལྡན་ལ་བརྟན་པོའི་ངང་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འདུམ་སེལ་བྱས་ཏེ། ཉེན་མེད་འཕེལ་རྒྱས་ཀྱི་མཐིལ་ཚད་རྒྱུན་ཆད་མེད་པར་བརྟན་པོར་བསྲུང་དགོས།

( ཐུབ་ཀྱིས་བྲིས།)