国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ཆེན་ཏང་ཨུ་སྐོར་ལྟ་ཚོ་ཆུང་གཉིས་པས་དཀར་མཛེས་ཁུལ་དུ་སྐོར་ལྟ་བྱས་ཚུལ་སྐོར་གྱི་གནད་དོན་ཕྱིར་བསློགས་ཚོགས་འདུ་འཚོགས།

( པར་ངོས་དང་པོར་མཐུད།)

དབྱིན་ཞན་ཡའོ་ཡིས་བསྟན་དོན།ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་མུ་མཐུད་ཆེ་རུ་བཏང་ཡོད། འཕེལ་རྒྱས་སྤུས་ཚད་མཐོན་པོའི་བླང་བྱ་དོན་འཁྱོལ་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་པར་སྐུལ་བ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་གོང་འཕེལ་གསར་པ་བྱུང་བ་དང་སྤྱི་ཚོགས་དམངས་འཚོ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཏང་དོ་དམ་དང་ཏང་ལེགས་སྐྱོང་གི་ཆབ་སྲིད་འགན་འཁྲི་བསྒྲུབས་ཤིང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་པར་མཐོང་ཆེན་བྱས་ནས་ཏང་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། འོན་ཀྱང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་དང་བསྡུར་ན། ད་དུང་ཧེ་བག་ཅུང་ཡོད་པ་སྟེ། གཅིག་ནི་གངས་ཅན་མཐོ་སྒང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་ཚུགས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བར་ཧེ་བག་ཡོད། གཉིས་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བཀག་རྒྱ་བརྟན་པོ་བསྐྲུན་པར་རྒྱུན་མཐུད་ངང་ནུས་ཤུགས་མི་འདང་བ་དང་། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པར་ད་དུང་ཞན་ཆ་ཡོད་པ་རེད། གསུམ་ནི་མི་དམངས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་པའི་འདུ་ཤེས་བརྟན་པོ་ཞིག་འཛིན་མེད་པ་དང་། མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་རོགས་རམ་ཅུང་མི་འདང་བ། བཞི་ནི་བདེ་འཇགས་འཕེལ་རྒྱས་ཀྱི་མཐིལ་ཚད་བརྟན་པོ་འཛུགས་སྐྱོང་བྱེད་ཤུགས་ཅུང་མི་འདང་བ་དང་། གཙོ་གནད་ཁྱབ་ཁོངས་སུ་སྔར་བཞིན་མངོན་མེད་རྐྱེན་ངན་མངོན་ཡོད། ལྔ་ནི་ཏང་དོ་དམ་དང་ཏང་ལེགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་པོ་མིན་པ། རུལ་སུངས་འགོག་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ། དྲུག་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་སུ་དོན་འཁྱོལ་བྱེད་པར་མི་འདང་བ། བདུན་ནི་བཅོས་སྒྲིག་གི་ཆབ་སྲིད་འགན་འཁྲི་བརྟན་སྲུང་དང་འགན་འཁུར་བར་ད་དུང་ཧེ་བག་ཡོད་པ་དང་། སྐོར་ལྟ་དང་རྩིས་བཤེར་གྱི་ཕྱིར་སློག་གནད་དོན་བཅོས་སྒྲིག་ཡང་དག་པ་མིན་པ་བཅས་སོ།།

ཀྲའོ་པོ་ཡིས་ཞིང་ཆེན་ཏང་ཨུའི་སྐོར་ལྟ་ཚོ་ཆུང་གཉིས་པས་ཕྱིར་སློག་བྱས་པའི་སྐོར་ལྟ་གནས་ཚུལ་དངོས་ཐོག་བདེན་འཚོལ་ཡིན་ལ། ཁྱོན་ཡོངས་དང་དངོས་ཡོད་ཀྱི་སྒོ་ནས་དཀར་མཛེས་ཁུལ་ལ་ཡོད་པའི་གནད་དོན་དང་མི་འདང་ས་བསྟན་པ་དང་།ལས་དོན་ལེགས་བཅོས་བྱ་རྒྱུའི་བསམ་འཆར་བཏོན་ཡོད་པས་དམིགས་སའི་རང་བཞིན་དང་ཁྲིད་སྟོན་རང་བཞིན་གལ་ཆེན་ལྡན་ཡོད། དཀར་མཛེས་ཁུལ་གྱིས་ལྷག་བསམ་རྣམ་དག་གིས་དང་ལེན་དང་རྩིས་ཐོ་ལྟར་ཚང་མ་བསྡུ་ལེན་བྱས་ཏེ་གཟབ་ནན་སྒོས་རྣམ་འགྱུར་ནན་པོ་དང་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་ཐོག་ནས་དག་ཐེར་ལེགས་བསྒྱུར་བྱས་ནས་སྐོར་ལྟ་ལས་དོན་གྱི་མཇུག་འཁྱོངས་ལས་ཀ་ལེགས་པར་བསྒྲུབ་རྒྱུ་ཡིན། གཅིག་ནི་ཆབ་སྲིད་ཀྱི་ཚུགས་གནས་སྤར་ནས་སྐོར་ལྟ་ལས་དོན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱ་དགོས། གཉིས་ནི་ཆབ་སྲིད་ཀྱི་འགན་འཁུར་ཤུགས་ཆེ་རུ་བཏང་ནས་བཅོས་སྒྲིག་གི་འགན་འཁྲི་རིམ་པ་རེ་རེ་བཞིན་བརྒྱུད་ཁྲིད་དང་ནན་སྒྲུབ་བྱ་དགོས། གསུམ་ནི་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ནས་གནད་དོན་དག་ཐེར་ལེགས་བསྒྱུར་བྱེད་ཕོད་པ་བྱ་དགོས། བཞི་ནི་གྲུབ་འབྲས་བེད་སྤྱོད་ཇེ་ཟབ་ཏུ་བཏང་ནས་བྱ་གཞག་ཁག་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་རྒྱུར་སྐུལ་དགོས་ཞེས་གསུངས།།( ལྷ་འཛོམས་ཀྱིས་བསྒྱུར།)