国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི(རྒྱས་འཛོམས)གྲོས་ཚོགས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི2026ལོའི་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་ཐེངས་དང་པོ་འཚོགས།

( པར་ངོས་དང་པོར་མཐུད།)ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས147པའི་སྙིང་དོན་བརྒྱུད་སྦྱངས་བྱས་ཏེ། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་དང་།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་བླང་བྱ་རབ་དང་རིམ་པར་བརྟག་ཞིབ་གནང་བའི་བྱ་ཐབས་ལ་ཞིབ་འཇུག་དང་ལག་ལེན་མཐར་ཕྱིན་བསྟར་བ་རེད། ཁུལ་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་དང་གཏམ་བཤད་བྱས་པ་རེད།

ཚོགས་འདུར་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་དེ་རང་རྟོགས་ངང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཀྱི་ནང་བཞག་སྟེ། གཅིག་གྱུར་འཆར་འགོད་དང་མ་ལག་ལྡན་པའི་ཇུས་འགོད། སྐུལ་འདེད་ཏན་ཏིག་བཅས་བྱ་དགོས་པ་དང་།ལྷག་པར་དུ་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ཆོས་ཞིང་འབྲོག་བཅས་ཀྱི་དོན་ཆེན་གསུམ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ས་ཁོངས་མཐུན་སྦྱོར། གྲོང་ཡུལ་མཉམ་འདྲེས་སོགས་ཐད་ཀྱི་གཙོ་གནད་ལ་དམིགས་ཏེ། ནུས་ཤུགས་གནད་ལ་འཁེལ་ཞིང་མུ་མཐུད་ལྟ་སྐུལ་བྱས་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་རོགས་རམ་བྱ་དགོས། ཞིང་ཆེན་དང་ཁུལ་མི་དམངས་འཐུས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས། 2025ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ལས་ཁུངས་ཀྱི་རྒྱུན་གཏན་ལས་དོན་གཙོ་གནད་གཅིག་གྱུར་གྱིས་བསྐུལ་དགོས། སྒྲིག་ཁྲིམས་སྒྲིག་སྲོལ་གྱི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་མེ་འགོག་དུས་ཡུན་དང་དཔྱིད་གསར་དུས་ཆེན་རིང་ལས་འཛིན་ཁྲིད་ནས་ལས་རེས་དང་འགན་སྲུང་ལམ་ལུགས་ནན་སྲུང་བྱས་ཏེ་མཐའ་གཅིག་ཏུ་ལས་གནས་སུ་འགན་འཁྲི་ཡག་པོ་བསྒྲུབ་དགོས་ཞེན་ནན་བཤད་བྱས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)