ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྒྲགས་པའི2025ལོར་རང་རྒྱལ་ཡུལ་མིའི་བདེ་ཐང་བྱང་ཚད་ཆུ་ཚད་བརྒྱ་ཆ33.69ལ་ཟིན་པས། 2024ལོ་ལས་བརྒྱ་ཆ1.82འཕར་བས་མུ་མཐུད་དེ་བརྟན་པོའི་ངང་མཐོ་རུ་འགྲོ་བའི་རྣམ་པ་འཁྱོངས་བཞིན་ཡོད།
ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ལས་མངོན་པར་ལྟར་ན།2025ལོར་རྒྱལ་ཡོངས་གྲོང་ཁྱེར་ཡུལ་མིའི་བདེ་ཐང་བྱང་ཚད་ཆུ་ཚད་བརྒྱ་ཆ36.68ཡིན་པ་དང་།གྲོང་སྡེའི་ཡུལ་མི་བརྒྱ་ཆ30.58ཡིན་པས2024ལོ་དང་བསྡུར་ན་བརྒྱ་ཆ1.94དང་བརྒྱ་ཆ1.47སོ་སོར་འཕར་ཡོད། ཤར་རྒྱུད་དང་དབུས་རྒྱུད།ནུབ་རྒྱུད་བཅས་ས་ཁུལ་གྱི་ཡུལ་མིའི་བདེ་ཐང་བྱང་ཚད་ཆུ་ཚད་བརྒྱ་ཆ36.71དང་བརྒྱ་ཆ32.98།བརྒྱ་ཆ29.09བཅས་ཡིན་ཞིང་།2024ལོ་དང་བསྡུར་ན་བརྒྱ་ཆ1.73དང1.50།1.82བཅས་སོ་སོར་འཕར་ཡོད། ནུབ་རྒྱུད་ས་ཁུལ་དང་ཤར་རྒྱུད།དབུས་རྒྱུད་ས་ཁུལ་བར་གྱི་ཧེ་བག་ཉུང་དུ་ཕྱིན་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་གཞི་རྩའི་ཤེས་བྱ་དང་འདུ་ཤེས་བྱང་ཚད་ཆུ་ཚད་བརྒྱ་ཆ41.36ཡིན་པ་དང་། བདེ་ཐང་གི་འཚོ་བ་བྱེད་སྟངས་དང་བྱ་སྤྱོད་བྱང་ཚད་ཆུ་ཚད་བརྒྱ་ཆ38.99ཡིན། གཞི་རྩའི་རྩལ་ནུས་བྱང་ཚད་ཆུ་ཚད་བརྒྱ་ཆ31.72ཡིན་པ་རེད། བདེ་ཐང་གནད་དོན་རིགས་དྲུག་གི་བྱང་ཚད་ཆུ་ཚད་མཐོ་བ་དང་དམའ་བའི་བར་གྱི་གོ་རིམ་ནི་ཉེན་མེད་དང་མྱུར་སྐྱོབ་བྱང་ཚད་བརྒྱ་ཆ58.18དང་།ཚན་རིག་བདེ་ཐང་ལྟ་བའི་བྱང་ཚད་བརྒྱ་ཆ53.83།བདེ་ཐང་ཆ་འཕྲིན་བྱང་ཚད་བརྒྱ་ཆ50.83།གཅོང་ནད་འགོག་བཅོས་བྱང་ཚད་བརྒྱ་ཆ33.41།འགོ་ནད་འགོག་བཅོས་བྱང་ཚད་བརྒྱ་ཆ32.42དང་གཞི་རྩའི་སྨན་བཅོས་བྱང་ཚད་བརྒྱ་ཆ32.22བཅས་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར31གི་རྫོང་དང་ཆུས336གི་ཡུལ་ཤོག་དང་གྲོང་རྡལ།ཁྲོམ་ལམ1008ལ་ཁེབས་ཡོད་ཅིང་།དམིགས་ཡུལ་ནི་ལོ་ན15ནས69བར་གྱི་རྒྱུན་སྡོད་མི་གྲངས་ཡིན་ལ།ནུས་ལྡན་གྱི་བརྟག་དཔྱད་འདྲི་ཤོག་ཁྱོན70451ཐོབ་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
