国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་ཡུལ་རྫོང་གིས་ལས་ཞུགས་གསར་པའི་ངལ་རྩོལ་པར་དགུན་དུས་བདེ་དྲོད་སྐྱེལ་བའི་ འཚམས་འདྲི་བྱེད་སྒོ་སྤེལ།

ཉེ་ཆར། དཔལ་ཡུལ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས2025ལོའི་ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་མ་དངུལ་ལ་བརྟེན་ནས་རྩ་འཛུགས་ཀྱིས་ལས་ཞུགས་གསར་པའི་ངལ་རྩོལ་པར་དགུན་དུས་བདེ་དྲོད་སྐྱེལ་བའི་འཚམས་འདྲི་བྱེད་སྒོ་སྤེལ་ཏེ། ཏང་དང་བཟོ་ཚོགས་རྩ་འཛུགས་ཀྱི་ཐུགས་ཁུར་ཟབ་མོ་ལས་ཞུགས་གསར་པའི་ངལ་རྩོལ་པ་རྣམས་ཀྱི་སེམས་སུ་ཁྱབ་པ་རེད།

བྱེད་སྒོར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་ཞུགས་གསར་པའི་ངལ་རྩོལ་པ45ལ་བྱམས་བརྩེའི་ངང་གླེང་མོལ་བྱས་ཤིང་། ཁོང་ཚོའི་རྒྱུན་གཏན་གྱི་ལས་ཀའི་ཤུགས་ཚད་དང་དགུན་དུས་ཀྱི་འཚོ་བའི་དོན་དངོས་དང་དགོས་མཁོར་འདྲི་རྩད་ཞིབ་ཕྲ་བྱས་པར་མ་ཟད།ཚང་མས་ལས་གནས་བརྟན་སྲུང་བྱེད་ཞོར་གྲང་འགོག་དྲོད་སྲུང་ཡག་པོ་བྱ་དགོས་པ་བཤད། ཐེངས་འདིའི་འཚམས་འདྲིས་ངལ་རྩོལ་པ་ཚང་མར་འབྲས་དང་སྣུམ།ཐུག་པ་སོགས་འཚོ་བའི་མཁོ་རྫས་སྦྱིན་ནས་དགུན་དུས་ཀྱི་འཚོ་བའི་དགོས་མཁོ་ཐག་གཅོད་བྱས་པ་རེད།

རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་མ་དངུལ་གྱི་བེད་སྤྱོད་བླང་བྱ་དོན་དུ་འཁྱོལ་བ་དང་།མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་ཟབ་ཏུ་བསྟར་བ་རེད།སླད་ཕྱིན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་ཞུགས་གསར་པའི་ངལ་རྩོལ་པའི་དཀའ་སྡུག་སེམས་ཁྲལ་གྱི་གནད་དོན་ལ་དམིགས་ཏེ་ཞབས་ཞུའི་མངའ་ཁོངས། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ།འཐབ་ཕྱོགས་དང་པོའི་ངལ་རྩོལ་པ་མང་པོར་རྩ་འཛུགས་ཀྱིས་དྲོ་སྐྱིད་དང་སྟོབས་ཤུགས་ཚོར་ཐུབ་པ་བྱ་རྒྱུ་རེད།།

( བདེ་ཆེན་གྱིས་བསྒྱུར།)