国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས2025ལོའི་ལོ་འཁོར་གྱི་རྫོང(གྲོང་ཁྱེར)ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཏང(ལས་དོན་ཨུ་ལྷན)ཨུའི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱས་པའི་ལས་སྒྲུབ་སྙན་ཞུ་དཔྱད་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ།

ཏང་དོ་དམ་དང་ཏང་ལེགས་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་སྐྱོད་ཀྱི་ལས་ཀའི་འགྲིལ་ཤུགས་སྟོབས་ ཆེན་གཅིག་ཏུ་བསྡུ་དགོས་ཞེས་གསུངས།

སྤྱི་ཟླ་དང་པོའི་ཚེས8ཉིན།དཀར་མཛེས་ཁུལ2025ལོའི་རྫོང(གྲོང་ཁེར)ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་།ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཏང(ལས་དོན་ཨུ་ལྷན)ཨུའི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀ་དམ་འཛིན་བྱས་པའི་ལས་སྒྲུབ་སྙན་ཞུ་དཔྱད་མོལ་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཀྲའོ་པོ་ཡིས་ནན་གསུང་གནང་དོན།ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ནས། ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་རྒྱུ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཏེ། ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་མི་ལས་བྱེད་པའི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་སྐྱོད་ཀྱི་ལས་ཀའི་སྡེབ་ཤུགས་སྟོབས་ཆེན་གཅིག་སྡུད་བྱ་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཐུང་རུང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་ཚོགས་འདུར་ཞུགས་པ་རེད། ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ཤིང་མཛུབ་ཁྲིད་དང་གཏམ་བཤད་བྱས་པ་རེད།

ཚོགས་འདུར་རྫོང(གྲོང་ཁྱེར)ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་། དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་འཕྲོད་བསྟེན་བདེ་ཐང་ཏང་ཨུའི་ཧྲུའུ་ཅི་སོགས་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཏང(བཟོ)ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱ་རྒྱུར་དམིགས་ནས་ལས་འགན་སྙན་ཞུ་བྱས་པ་དང་། ཚོགས་ཞུགས་མི་སྣས་ལས་འགན་སྙན་ཞུར་དཔྱད་བསྡུར་བྱས། ཀྲའོ་པོ་ཡིས་ལས་འགན་སྙན་སེང་ཞུ་མཁན་བློ་མཐུན་ཚོར་རེ་རེ་བཞིན་དཔྱད་གཏམ་གནང་བར་མ་ཟད། ལས་འགན་སྙན་སེང་ཞུ་བ་མཇུག་འགྲིལ་རྗེས་གསུང་བཤད་གནང་ནས་འདས་ཟིན་པའི་ལོ་གཅིག་རིང་ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། སླད་ཕྱིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད།

ཀྲའོ་པོ་ཡིས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པར“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་དཀར་མཛེས་ཁུལ་གྱིས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་སྐྱོད་བྱེད་པའི་དུས་མཚམས་གལ་ཆེན་ཞིག་ཡིན་པར་བརྡར་ཤ་གཅོད་པ་དང་། དཀར་མཛེས་ཁུལ་གྱི་འབྱུང་འགྱུར་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད།( པར་ངོས་གཉིས་པར་གཟིགས།)