国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2025ལོའི་སི་ཁྲོན་ཞིང་ཆེན་གྱི“གཞི་རིམ་ཉེན་རྟོག་པ་ཆེས་བཟང་ཤོས”དང“ཉེན་རྟོག་པའི་ཁྱིམ་མི་ཆེས་བཟང་ཤོས”ཀྱི་མིང་ཐོ་བསྒྲགས།

རང་ཁུལ་སྡེ་དགེ་རྫོང་སྤྱི་བདེ་ཅུས་ཀྱི་ཁྱད་ལྡན་སྐོར་རྟོག་རུ་ཁག་གི་རུ་དཔོན་ཆེན་མོ་ཞང་སན་ཆན་མིང་ཐོའི་ནང་ཚུད།

སྤྱི་ཟླ་དང་པོའི་ཚེས9ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་སི་ཁྲོན་སྤྱི་བདེའི“མི་དམངས་ལ་སྙན་སེང་ཞུ་བ”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། 2025ལོའི་སི་ཁྲོན་ཞིང་ཆེན་གྱི“གཞི་རིམ་ཉེན་རྟོག་པ་ཆེས་བཟང་ཤོས”དང“ཉེན་རྟོག་པའི་ཁྱིམ་མི་ཆེས་བཟང་ཤོས”ཀྱི་མིང་ཐོ་བསྒྲགས་ཤིང་། རང་ཁུལ་གྱི་སྡེ་དགེ་རྫོང་སྤྱི་བདེ་ཅུས་ཀྱི་ཁྱད་ལྡན་སྐོར་རྟོག་རུ་ཁག་གི་རུ་དཔོན་ཆེན་མོ་ཞང་སན་ཆན་མིང་ཐོའི་ནང་ཚུད་པ་རེད།

2025ལོའི་སི་ཁྲོན་ཞིང་ཆེན་གྱི“གཞི་རིམ་ཉེན་རྟོག་པ་ཆེས་བཟང་ཤོས”དང“ཉེན་རྟོག་པའི་ཁྱིམ་མི་ཆེས་བཟང་ཤོས”ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོའི་བཀོད་སྒྲིག་གཞིར་བཟུང་། གྲོང་ཁྱེར(ཁུལ)ཁག་གི་ཏང་ཨུ་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་ཅུས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་ཞིབ་བཤེར་འོས་སྦྱོར་ནན་པོ་བྱས་ཏེ། སྤྱི་བདེའི་འཐབ་ཕྱོགས་སུ་འབད་བརྩོན་ལྷོད་མེད་དང་། དྲང་གཞག་ཚུལ་ལྡན་གྱི་ཁྲིམས་འཛིན་ཚད་ལྡན་ནན་པོ། ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་ཁྲོད་འགན་འཁུར་ཕོད་པའི་གཞི་རིམ་ཉེན་རྟོག་པ་ཕུལ་བྱུང་ཁག་གཅིག་དང་། ཁྱིམ་ཚང་གི་སྤྱོད་བཟང་གསོ་སྐྱོང་དང་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་བླངས་པའི་ཕུལ་བྱུང་ཉེན་རྟོག་པའི་ཁྱིམ་མི་ཁག་གཅིག་འདེམས་པ་རེད། འོས་སྦྱོར་དང་ཞིབ་དཔྱད་རེས་སྐོར་མང་པོ་བྱས་པ་བརྒྱུད། ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིང་གིས་ཅི་མུའུ་ཙི་ཀ་དང་། མེ་དབྱི། ཝང་ཕེན། ལུའོ་ཧུའེ་ལིན། ལི་ཝུན་ཡན། ཞང་སན་ཆེན། ལེང་པོ་ལིན། ཐང་ཅོན། ཝང་ཡུའེ། མ་ཐིང་ལེང་སོགས་བློ་མཐུན10ལ2025ལོའི་སི་ཁྲོན་ཞིང་ཆེན་གྱི“གཞི་རིམ་ཉེན་རྟོག་པ་ཆེས་བཟང་ཤོས”ཀྱི་མཚན་སྙན་དང་། ཝུའུ་ཅི་ཧུང་དང་ཆི་ལན། ལི་ལི། དབྱང་ཝེ་རུན། ལིའུ་པོ་ལི་སོགས་མི10ལ2025ལོའི་སི་ཁྲོན་ཞིང་ཆེན་གྱི“ཉེན་རྟོག་པའི་ཁྱིམ་མི་ཆེས་བཟང་ཤོས”ཀྱི་མཚན་སྙན་སྤྲོད་པའི་ཐག་བཅད་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)