སྤྱི་ཟླ་དང་པོའི་ཚེས7ཉིན། དཀར་མཛེས་ཁུལ2026ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་མེ་ཟོན་དང་ནགས་རྩྭ་མེ་ཟོན་ལས་ཀར་སྐུལ་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་ལས་ཀར་བཀོད་སྒྲིག་དོན་འཁྱོལ་བྱས་པ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ཏེ་ཉེ་དུས་གྲོང་ཁྱེར་གྱི་མེ་ཟོན་དང་ནགས་རྩྭའི་མེ་ཟོན་བཅས་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་འབྲེལ་གཏམ་བཤད་བྱས་པ་རེད། ཁུལ་དཔོན་གཞོན་པ་ཅིན་ཐེན་ཆང་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་བསྟན་དོན། དགུན་དཔྱིད་དུས་ནི་སྔར་ནས་མེ་སྐྱོན་གྱི་དོན་རྐྱེན་འབྱུང་མང་བ་དང་འབྱུང་སླ་བའི་དུས་སྐབས་ཡིན་ལ། མིག་སྔར་མེ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ནགས་རྩྭ་མེ་ཟོན་དང་གྲོང་ཁུལ་མེ་ཟོན་གྱི་ཉེན་ཁ་མཉམ་འདྲེས་དང་ལས་འགན་དཀའ་ཚེགས་ཆེ་བ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱ་རྒྱུ་དང་།ཚོར་ཉམས་དང་སྟབས་བདེའི་སེམས་ཁམས་མཐའ་གཅིག་ཏུ་ཁྱད་བསད་དང་། དོགས་ཟོན་ཆེན་པོ་རྒྱུན་འཁྱོངས་ཏེ“མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ”ཡི་འདུ་ཤེས་ནང་སེམས་དང་ཕྱིའི་བྱ་སྤྱོད་དུ་བསྒྱུར་ནས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས།
ཚོགས་འདུར་མངོན་མེད་རྐྱེན་ངན་གཙང་སེལ་བྱ་དགོས་པ་དང་། ལས་ཀ་བསྐུལ་བ་དོན་དངོས་ཡིན་པ། འགན་འཁྲི་དོན་འཁྱོལ་གསལ་པོ་བྱ་དགོས་ཞེས་ནན་བཤད་བྱས་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
