( པར་ངོས་དང་པོར་མཐུད།) ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཐུང་རུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་རྫོང(གྲོང་ཁྱེར)ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་། རྫོང(གྲོང་ཁྱེར)དཔོན། དགོན་པའི་དོ་དམ་ཨུ་ལྷན་ཆ་ཤས་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་ལས་འགན་སྙན་སེང་ཞུ་བ་དང་འབྲེལ་དམངས་གཙོ་ཚད་ལེན་གདེང་འཇོག་དང་ལེན་བྱས་པ་རེད། ཀྲའོ་པོ་དང་ཡིའུ་ཞང་ཧྥེ་ཡིས་ལས་འགན་སྙན་སེང་ཞུ་མཁན་བློ་མཐུན་རེ་རེ་བཞིན་དཔྱད་བརྗོད་གནང་བ་རེད།
ཚོགས་འདུར་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆོས་ལུགས་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཏེ། “འཕེལ་རྒྱས་ཁྲོད་བརྟན་བརླིང་བརྩོན་ལེན་བྱེད་པ”དེ་མིག་སྔའི་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལས་དོན་ལེགས་པར་སྒྲུབ་པའི་སྤྱིའི་བླང་བྱ་བྱས་ཏེ། འཛིན་ཕོད་པ་དང་། དངོས་འཛིན། འཛིན་མཁས། རྒྱུན་འཛིན་བཅས“དམ་འཛིན་བཞིའི”ལས་ཀའི་ཁྲིད་སྟོན་གསལ་པོ་བྱས་ཏེ། ཡིན་མིན་གནད་ཆེན་མདུན་དུ་རལ་གྲི་འཕྱར་ཕོད་པ་དང་། འགལ་བ་དང་ཉམས་ཉེན་གྱི་ཁྲོད་དུ་ཡར་ལངས་ཕོད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་གཅིག་གྱུར་མཐའ་འཁྱོངས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་བསམ་གཞིགས་དང་ཁྲིམས་སྐྱོང་བསམ་གཞིགས་བེད་སྤྱོད་ཡག་པོ་བྱས་ཏེ། འཐབ་ཇུས་ཀྱི་སེམས་ཤུགས་དང་ལས་ཀའི་སྙིང་སྟོབས་རྒྱུན་འཁྱོངས་དང་། ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དགོན་སྡེ་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པར་མུ་མཐུད་དེ་ཤུགས་བསྣན་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལས་ཀ་ཡག་པོ་སྒྲུབ་པའི་ལས་འགན་འདུ་ཤེས་དང་། འགན་འཁྲི་འདུ་ཤེས་། ཛ་དྲག་གི་འདུ་ཤེས་བཅས་ཏན་ཏིག་ཆེ་རུ་གཏང་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པར་ཤུགས་རྒྱག་པ་དང་དགོན་པའི་དོ་དམ་སྒྲིག་གཞིའི་ཏང་འཛུགས་སྐྱོང་ལས་དོན་ཟབ་ཏུ་བཏང་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ལེགས་པར་བསྒྲུབ་རྒྱུར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོར་བྱ་དགོས།། ( ཀུན་དགའ་དང་རྒྱ་མཚོས་བསྒྱུར།)
