国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་རྫོང་གིས་ནགས་རྩྭ་མེ་ཟོན་ལས་ཀ་ཧུར་ཐག་སྤེལ།

1762_02B_20260108འབར་སླ་བའི་དངོས་རྫས་གཙང་སེལ་བྱེད་བཞིན་པ།

ནགས་རྩྭ་མེ་ཟོན་ཉེན་མེད་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། མེ་སྐྱོན་གྱི་ཉེན་ཁ་གནད་འཁེལ་སྒོས་སྔོན་འགོག་བྱ་ཆེད། སྤྱི་ཟླ་དང་པོའི་ཚེས5ནས6བར། འབའ་ཐང་རྫོང་ཕྱོགས་བསྡུས་འཚུབ་བསྟུན་རུ་ཆེན་གྱིས་ལས་ཀའི་ལམ་སྲོལ་འཐུས་ཚང་བཟོས་ཏེ། རུ་མི་ཧྲག་པོ10མཚོ་ལ་གྲོང་རྡལ་དུ་བཏང་ནས་ཡུལ་དངོས་སུ་གནས་སྡོད་ཀྱི་མེ་ཟོན་སྔོན་འགོག་ལས་དོན་སྤེལ་ཏེ། གཙོ་གནད་ས་ཁོངས་ལ་དམིགས་ནས་གནད་འཁེལ་ཐབས་ཇུས་ལག་ལེན་བསྟར་ཏེ་འབར་སླ་བའི་དངོས་རྫས་ཆེད་དོན་གཙང་སེལ་བྱས།

དང་ཐོག་རུ་མི་ཚོས་མཚོ་ལ་གྲོང་རྡལ་གྱི་ས་དབྱིབས་དང་ནགས་ཚལ། མཐའ་འཁོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། “མཐའ་ལྔ་གཙང་སེལ་དང་མངོན་མེད་ཉེན་ཁ་སེལ་བའི”ལས་དོན་གཏན་འཁེལ་བྱས་ནས་མང་ཚོགས་དང་མཉམ་འབྲེལ་བྱས་ཏེ་ཁོངས་གཏོགས་ས་ཁུལ་གྱི་ནགས་ཚལ་མཐའ་ཁུལ་དང་། འགྲོ་ལམ་གཞོགས་གཉིས། གྲོང་སྡེའི་མཐའ་འཁོར་སོགས་མེ་སྐྱོན་འབྱུང་སླ་བའི་རྩི་ཤིང་གི་ཡལ་ག་དང་ལོ་མ། རྩྭ་སྐམ། འབར་སླ་བའི་དངོས་རྫས་སྤུངས་པ་སོགས་ཞིབ་ཚགས་སྒོས་གཙང་སེལ་བྱས་པ་རེད། ལས་ཀའི་ཁྲོད་ལས་བགོས་ཁ་གསལ་དང་སྟོབས་ཤུགས་ཡོད་རྒུས་གཙང་བཤེར་མཐར་ཕྱིན་བྱས་པ་དང་། ཉེན་ཁ་མེད་པ་བཟོས་པ། ཚན་རིག་དང་མཐུན་པའི་སྒོས་མེ་ཟོན་གྱི་ལས་དོན་སྤེལ་ཡོད།

ད་ཐེངས་ཀྱི་མེ་ཟོན་ལས་དོན་སྤེལ་བ་དེས་གཙོ་གནས་ས་ཁོངས་ཀྱི་འབར་སླ་བའི་དངོས་རྫས་མུའུ21གཙང་སེལ་བྱས་པ་དང་ཆབས་ཅིག་ཏུ་རྒྱུན་ལྡན་སྐོར་ཞིབ་དང་། དེ་གའི་མང་ཚོགས་ལ་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་ཤེས་བྱ་ཁྱབ་བསྒྲགས་བྱས།

ཕྱིན་ཆད། འབའ་ཐང་རྫོང་ཕྱོགས་བསྡུས་འཚུབ་བསྟུན་རུ་ཆེན་གྱིས་མུ་མཐུད་དེ་ཡུལ་དངོས་གནས་སྡོད་བྱས་ནས་མེ་ཟོན་ལས་ཀ་བསྒྲུབ་རྒྱུ་དང་། ཆུ་ཚོད24ལ་གནས་ཚུལ་ཁ་གཏད་བཅོག་པའི་གྲ་སྒྲིག་ལམ་ལུགས་ལག་ལེན་ནན་པོ་བསྟར་བ་དང་། རྒྱུན་ལྡན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དངོས་སྦྱོང་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་མངའ་ཁོངས་ཀྱི་སྐྱེ་ཁམས་ཉེན་མེད་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་སྲུང་སྐྱོང་ནན་ཏན་བྱ་རྒྱུ་ཡིན་པ་རེད།།

( སྐལ་བཟང་རྒྱ་མཚོས་བྲིས།)