国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཏང་དོ་དམ་དང་ཏང་ལེགས་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་སྐྱོད་ཀྱི་ལས་ཀའི་འགྲིལ་ཤུགས་སྟོབས་ ཆེན་གཅིག་ཏུ་བསྡུ་དགོས།

( པར་ངོས་དང་པོར་མཐུད།)ཏང་རྩ་འཛུགས་རིམ་པ་ཁག་གི་ཧྲུའུ་ཅིས་ཏང་དོ་དམ་དང་ཏང་ལེགས་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཕྱོགས་སྟོན་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་ཏེ། བསམ་བློ་ཆབ་སྲིད་དང་ལས་བྱེད་པའི་དཔུང་སྡེ། གཞི་རིམ་རྩ་འཛུགས། སྒྲིག་ལམ་སྤྱོད་ཚུལ་བཅས་འཛུགས་སྐྱོང་ཡང་དག་པ་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ་ཏན་ཏིག་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བདེ་བླག་ངང་འགོ་བརྩམས་པར་འགན་ལེན་སྲ་ཞིང་བརྟན་པ་བྱ་དགོས་ཞེས་གསུངས།

ཀྲའོ་པོ་ཡིས་ནན་གསུང་གནང་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གཤིས་སློབ་གསོ་དང་ཆབ་སྲིད་བློ་དཀར་གྱི་སློབ་གསོ་ཇེ་ཟབ་ཏུ་གཏང་དགོས། གཞི་རིམ་འཐབ་འཛིང་གི་བཙན་རྫོང་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་ཁྱབ་ཁོངས་ཡོངས་ཀྱི་མཐོར་འདེགས་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་ལས་འགན་ལྕི་པོ་འཇོག་འོས་པའི་དཔུང་སྡེ་ཞུན་བརྡར་ལ་བརྩོན་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་ཕན་ནུས་སྐུལ་སྤེལ་གང་ལེགས་བྱས་ཏེ། “ཁམས་པ་ཏང་དར་དམར་བ་སྟེ།དོན་དག་ཡོད་ན་ཏང་མི་འཚོལ”གྱི་དང་བླངས་ཞབས་ཞུ་ཇེ་ཟབ་ཏུ་བཏང་སྟེ། “རྟེའུ་ཡིས་འཁོར་ཆེན་དྲུད་པ”ལྟ་བུའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏང་དགོས། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཤུགས་ཆེ་རུ་བཏང་སྟེ། རིམ་པ་ཁག་གི་ཏང་མི་ལས་བྱེད་པ་སྣེ་ཁྲིད་དེ་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ། ཏང་སྲོལ་དང་སྲིད་སྲོལ།སྤྱི་ཚོགས་ཀྱི་དར་སྲོལ་མུ་མཐུད་ལེགས་སུ་འགྲོ་བར་བསྐུལ་དགོས།།

( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)