སྤྱི་ཟླ་དང་པོའི་ཚེས12ཉིན་ནས་ཚེས13ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དཔལ་ཡུལ་རྫོང་དང་ཉག་རོང་རྫོང་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་།ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་དྲིལ་བསྒྲགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་དང་མཛུབ་སྟོན་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག། ཁུལ་ཨུའི་ལས་དོན་བཀོད་སྒྲིག་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་།འཕེལ་རྒྱས་སྤུས་ཚད་མཐོན་པོ་ལས་འགན་གཙོ་བོར་འཛིན་ཏེ་ཐོན་ཁུངས་ཕུན་སུམ་ཚོགས་པོར་དམིགས་ནས་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྱོང་ཁྲོད་གྲུབ་འབྲས་སྔར་ལས་ཆེ་བ་མངོན་དགོས་ཞེས་ནན་གསུང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་བརྟག་ཞིབ་ནང་ཞུགས་ཡོད།
བརྟག་ཞིབ་བྱེད་རིང་ཀྲའོ་པོ་ཡིས་དཔལ་ཡུལ་རྫོང་དང་ཉག་རོང་རྫོང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བཟོ་འགོད་བྱས་ཚུལ་གྱི་སྙན་ཞུར་གསན་པ་དང་།རྫོང་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ཐད་བླང་བྱ་གནང་ཡོད། ཁོང་གིས་ནན་གསུང་གནང་དོན། དཔལ་ཡུལ་རྫོང་གིས་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་དུ་འཛིན་ཏེ་ནུས་ཁུངས་གཙང་མ་དང་། ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་མཉམ་འདྲེས་། སྦག་མེད་གཏེར་ལས་བཅས“ལས་རིགས་གཙོ་བོ་བཞི”ལ་འབད་པ་བྱས་ནས་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་བ་དང་། “རིག་གནས་ཡུལ་སྐོར་དང་ལས་རིགས་སྣ་བརྒྱ་མཉམ་འདྲེས”བྱེད་སྟངས་ལ་ཤུགས་བརྒྱབ་སྟེ། གཟུགས་མེད་རིག་གནས་ཤུལ་བཞག་དང་རང་བྱུང་ཡུལ་ལྗོངས་སོགས་ཀྱི་ཐོན་ཁུངས་ལ་གསོན་ཤུགས་རྒྱས་སུ་བཅུག་སྟེ། རྒྱུན་ཚུལ་ཅན་གྱི་དབུལ་འགྱུར་དང་དབུལ་ཕོངས་ཕྱིར་བསློགས་སྔོན་འགོག་ལམ་སྲོལ་གཅིག་གྱུར་བཙུགས་ཏེ། སློབ་གསོ་དང་། སྨན་བཅོས། རྨང་གཞིའི་སྒྲིག་བཀོད་སོགས་དམངས་འཚོའི་ཞན་ཆ་མགྱོགས་མྱུར་ཁ་གསབ་བྱ་དགོས།
ནུབ་རྒྱུད་མཐུན་སྦྱོར་འཕེལ་རྒྱས་ཀྱི་གནད་འགག་གལ་ཆེན་ཤུགས་ཡོད་རྒུས་བསྐྲུན་དགོས། ཉག་རོང་རྫོང་གིས་འཕེལ་རྒྱས་ཀྱི་ཚུགས་གནས་ཡང་དག་འཚོལ་ཏེ་ཁྱད་ལྡན་ཐོན་ལས་ལེགས་ཆ་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ནུས་ཁུངས་ལས་རིགས་དང་། སྐྱེ་ཁམས་ཞིང་འབྲོག་ལས། སྐྱེ་ཁམས་ཡུལ་སྐོར་ལས་རིགས་བཅས“ཐོན་ལས་ཆེན་པོ་གསུམ”གསོ་སྐྱེད་སྟོབས་ཆེར་གཏོང་བ་དང་། ཆུ་འཐེན་ནུས་གསོག་དང་འོད་ཤུགས་ནུས་གསོག་སོགས་གཙོ་གནད་ནུས་ཁུངས་ལས་གཞིའི་དུས་འགོའི་ལས་དོན་མྱུར་སྐུལ་དང་། ནུས་ཁུངས་གཙང་མའི་ཐོན་ལས་གཞི་ཁྱོན་ཅན་དུ་འགྱུར་བ་དང་ཕན་འབྲས་ཐོན་པར་སྐུལ་དགོས། ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་གླིང་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། “རི་གཅིག་དང་མཚེའུ་གཅིག། བོད་གྲོང་གཅིག”གི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ལ་དམིགས་ཏེ་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དེ་བས་མང་བ་གཏོད་དགོས། འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་དང་། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་པ།འགལ་རྩོད་གྱི་མངོན་མེད་རྐྱེན་ངན་རྒྱུན་ཚུལ་ལྟར་གྲལ་བཤེར་ཐག་གཅོད་བྱེད་པ། ཏང་ལེགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་གྱི་ལས་ཆོད་མཐོ་བའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱ་དགོས།
ཁུལ་གྱི་མགོ་ཁྲིད་ཁྲེན་པོ་ཐའོ་དང་ཝང་ཞིན་ཆོན། དཔལ་ཡུལ་རྫོང་དང་ཉག་རོང་རྫོང་གི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ནང་ཞུགས་པ་རེད།།( ལྷ་འཛོམས་ཀྱིས་བསྒྱུར།)
