སྤྱི་ཟླ་དང་པོའི་ཚེས12ཉིན། ཁུལ་ཡོངས་ཀྱི12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལས་དོན་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུར་འདས་ཟིན་པའི་ལོ་གཅིག་གི་ལས་ཀའི་འབྲས་བུར་ཁྱོན་ཡོངས་ནས་ཕྱིར་མིག་ལྟ་བ་དང་། ལོ་གསར་པའི་ཐད་སྦྲེལ་ཁ་པར་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། སྲིད་གཞུང་གི་བཅོས་སྐྱོང་དེང་རབས་ཅན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱེད་པའི་ལས་ཀའི་ཁ་ཕྱོགས་གསལ་པོ་བཟོས་པ་རེད།
གསར་འགོད་པས་ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་རང་ཁུལ་གྱི12345སྲིད་དོན་ཐད་སྦྲེལ་ཁ་པར་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་འོག་ལམ་སྲོལ་དང་སྒྲིག་སྲོལ། ལས་སྟེགས་འཁོར་སྐྱོད། དཔུང་ཁག་འཛུགས་སྐྱོང་། ཞབས་ཞུའི་འགན་ལེན་སོགས་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་རྒྱུན་མཐུད་ངང་ཤུགས་བརྒྱབ་སྟེ། ལོ་ཧྲིལ་པོར་ཁེ་ལས་དང་མང་ཚོགས་ཀྱི་རེ་འདུན་ཁག་བསྡོམས་རྩིས་བྱས་ན་ཁྱོན་བསྡོམས105616བདག་སྤྲོད་བྱས་པ་རེད། ཞིང་ཆེན་རིམ་པའི་བརྡ་ཁྱབ་ལས་བསྔགས་བརྗོད་ཐེངས་མང་པོ་ཐོབ་ཡོད།
ཕྱིན་ཆད། 12345ཐད་སྦྲེལ་ཁ་པར་ལས་དོན་གྱིས“ཞུ་གཏུག་དང་ལེན་མྱུར་སྒྲུབ”ལས་ཀའི་ལམ་སྲོལ་ལ་ཤུགས་བརྒྱབ་ནས། རེ་འདུན་དང་ལེན་དང་ཐག་གཅོད་བྱེད་པའི་ལས་ཆོད་ཁྱོན་ཡོངས་ནས་མཐོ་རུ་གཏང་རྒྱུ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་རྫོང(གྲོང་ཁྱེར)ཁག་དང་སྡེ་ཁག(ཚན་པ)གི་གཉེར་སྒྲུབ་འགན་འཁྲི་ནན་པོ་གཏང་རྒྱུ། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཐུན་མོང་རང་བཞིན་གྱི་ཞུ་གཏུག་དང་དཀའ་གནད་ཀྱི་གནད་དོན་གནད་འཁེལ་སྒོས་ཐག་གཅོད་ཚད་གཞི་དེ་བས་མཐོ་བ། སྤྱོད་ཚུལ་དེ་བས་ཏན་ཏིག་དང་ཞབས་ཞུ་དེ་བས་ལེགས་པ་བཅས་ཀྱི་ཐོག་ནས་ཐད་སྦྲེལ་ཁ་པར་ལས་དོན་གྱི་ཕན་འབྲས་དེ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་སྔར་ལས་ལེགས་པོར་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་ཉེན་མེད་སྲ་བརྟན་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
