国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ ཚོགས་འདུ་འཚོགས་ནས།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་ བསམ་འཆར་ལ་ཞིབ་འཇུག་བྱས།

སྤྱི་ཟླ་དང་པོའི་ཚེས16ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

ཚོགས་འདུར་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འཚོགས་པའི་དམངས་གཙོ་འཚོ་བའི་ཚོགས་འདུས་ཏང་ཡོངས་ལ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་བྱེད་པར་དཔེ་སྟོན་དང་ཚད་གཞི་བཏིང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ་ཁ་ཕྱོགས་གསལ་བས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་གཏིང་ཟབ་བསྐུལ་ཆེད་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་ཏན་ཏིག་གཅིག་གྱུར་བྱས་ནས་སྔོན་ཐོན་ལ་བརྩོན་ལེན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་དཀར་མཛེས་ཁུལ་དུ་དོན་འཁྱོལ་བྱ་རྒྱུར་ཤུགས་ཡོད་རྒུས་བསྐུལ་དགོས།

ཚོགས་འདུར་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐོར་ལྟ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ལྟ་ལས་དོན་སྐོར་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་ཁྱོན་ཡོངས་ནས་དོན་དུ་འཁྱོལ་ཏེ། སྐོར་ལྟ་དག་ཐེར་དམ་འཛིན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཡོང་བ་དང་།སྐོར་ལྟ་བཅོས་སྒྲིག་ལས་དོན་དམ་འཛིན་དང་དམ་ཟབ། ཞིབ་ཕྲ་བཅས་མཐའ་གཅིག་ཏུ་བྱས་ནས་གནད་ལ་འཁེལ་ཞིང་དག་ཐེར་མཐར་ཕྱིན་པར་བྱ་དགོས།

ཚོགས་འདུར་ཁུལ་ཡོངས་ཀྱི་མང་ཚོགས་ཚོགས་པའི་གནས་ཚུལ་སྙན་སེང་ལ་ཉན་འཇོག་དང་། མང་ཚོགས་ཚོགས་པའི་ལས་དོན་ལ་འཕྲད་པའི་གནས་ཚུལ་དང་གནད་དོན་གསར་པར་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་པར་མ་ཟད། མང་ཚོགས་ཚོགས་པའི་ལས་དོན་སྔར་བས་ལེགས་གཏོང་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད། ཚོགས་འདུར་བསྟན་དོན།རིམ་པ་ཁག་གི་མང་ཚོགས་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས། ཁུལ་ཨུའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་གསར་གཏོད་ཀྱི་བྱ་སྤྱོད་རང་འགུལ་ངང་འགན་འཁུར་དགོས་པ་དང་།རང་ངོས་ཀྱི་འགན་ནུས་དང་འགན་འཁྲིར་གཞིགས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་བ་དང་། ཡུལ་སྡེ་དར་རྒྱས་ལ་ཞབས་འདེགས། ལས་ཞུགས་རོགས་སྐྱོར་ལ་ཤུགས་རྒྱག་པ་སོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་བྱས་རྗེས་འབུལ་དགོས། མ་སྐུལ་དང་བླངས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་དང་། གཞོན་ནུ་དང་བླངས་ཞབས་ཞུ་དང་ལས་གཏོད་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་དེ་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཐག་བརྟན་པོར་འགྱུར་བར་བྱ་དགོས། གཞི་རིམ་བཅོས་སྐྱོང་གི་དཀའ་གནད་དང་འགག་རྩ་བཅས་ལ་དམ་པོར་དམིགས་ཏེ། མང་ཚོགས་ཚོགས་པའི་བསམ་བློ་འཁྲུག་པོ་དང་དང་ལེན་བྱེད་ཤུགས་ཆེ་བའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས། ཁྲིད་སྟོན་རང་བཞིན་དང་། ཐེ་ཞུགས་རང་བཞིན། ཡིད་དབང་འགུག་ནུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་ལག་ལེན་རྣམ་གྲངས་ཇུས་འགོད་བྱས་ཏེ།གཙོ་རྒྱུན་རིན་ཐང་ཁྱབ་སྤེལ་དང་ཤེས་དཔལ་སྲོལ་གསར་སྐྱེད་སྲིང་བྱ་དགོས། མང་ཚོགས་ཚོགས་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆབ་སྲིད་བརྟན་པོ་དང་། སྤྱོད་ཚུལ་ཏན་ཏིག། ཆེད་ལས་ཕུལ་དུ་བྱུང་བའི་མང་ཚོགས་ཚོགས་པ་ལས་ཀའི་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་དགོས། རིམ་ཁག་ཏང་ཨུས་མང་ཚོགས་ཚོགས་པའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་འཛུགས་སྐྱོང་གིས་མང་ཚོགས་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱེད་དེ་མང་ཚོགས་ཚོགས་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་དང་ཆ་རྐྱེན་འགན་སྲུང་འདོན་སྤྲོད་བྱ་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར།)