སྤྱི་ཟླ་དང་པོའི་ཚེས14ཉིན། ཁུལ་སྲིད་གཞུང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཞིབ་འཇུག་གི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་ལས་དོན་སྙན་ཞུར་ཉན་འཇོག་དང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག། བརྡར་གཅོད་བཅས་བྱས་པ་དང་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།
ཚོགས་འདུར། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པའི་ལོ་ཡིན། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས།ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཆེན་ཏང་ཨུ་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་བ་དེ་གཙོ་བོར་འཛིན་ནས་སྲོལ་རྒྱུན་གྱི་ཐབས་ལམ་ལ་བརྟེན་པ་དང་གོམས་གཤིས་བསམ་གཞིགས་ཀྱི་འཆིང་སྡོམ་གཏོར་ཏེ། “བབ་བསྟུན་ཧུར་སྐྱོད་དང་མཆོང་བརྒལ་རྗེས་སྙེག”གི་འབད་འཐབ་དང“ལས་བཀུར་དང་ཆེད་ལས”ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་མཉམ་སྡུད་བྱས། སྤུས་ལེགས་དང་ནུས་ཆེའི་དེང་རབས་ཞབས་ཞུ་ལས་རིགས་མ་ལག་མགྱོགས་མྱུར་འཛུགས་དགོས་ཞེས་བསྟན་པ་རེད།
ཚོགས་འདུར་ནན་བཤད་བྱས་དོན། དམིགས་ཚད་གཏན་འཁེལ་བྱས་ནས་གནད་ལ་འཁེལ་བའི་ཤུགས་བཏོན་ཏེ་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་རྒྱུར་ཤུགས་བརྒྱག་དགོས། འདུ་ཤེས་བསྒྱུར་བ་དང་། ཞན་ཆར་ཁ་གསབ་པ། སྲིད་ཇུས་དམ་འཛིན། འགན་འཁྲི་དངོས་སྒྲུབ་བཅས་བྱ་དགོས།། ( བདེ་སྐྱིད་ཀྱིས་བསྒྱུར།)
