ཉེ་ཆར།དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོ་མིང་ཐོ་ཁག་དང་པོ་དངོས་སུ་ཁྱབ་བསྒྲགས་བྱས་ནས་དར་མདོའི་སྨད་པ་ཡུལ་ཤོག་ཟུར་བཅར་གྲོང་སྡེ་སོགས་གྲོང་ཚོ326མིང་ཐོ་དེའི་ནང་ཚུད་པ་དང་། དེས་ཁུལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་ལམ་ལུགས་ཅན་དང་མིང་ཐོ་ཅན་གྱི་དོ་དམ་དུས་རིམ་གསར་པར་སླེབས་པ་མཚོན།
རང་ཁུལ་གྱིས་ཐེངས་དང་པོར་སྲོལ་རྒྱུན་གྲོང་ཚོ་དཔྱད་འདེམ་བྱེད་སྒོ་སྤེལ་བ་ཡིན་ལ། དེ་ནི་ཁུལ་རིམ་པའི་སྲུང་སྐྱོང་མིང་ཐོ་འཛུགས་པ་དང་གཙོ་གནད་སྲུང་སྐྱོང་གསལ་པོ་དང་ས་ཁོངས་ཀྱི་འགན་འཁྲི་ལ་ཤུགས་བསྣན་ནས་སྲོལ་རྒྱུན་རིག་གནས་མ་ལག་ཕུལ་བྱུང་རྒྱུན་འཛིན་བྱེད་པ་ཡིན་ཞིང་།ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་རང་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོ་དཔྱད་འདེམ་ཐེངས་དང་པོ་ཡིན་ལ། དམིགས་ཡུལ་ནི་ཁུལ་རིམ་པའི་སྲུང་སྐྱོང་མིང་ཐོ་བཟོས་ནས་གཙོ་གནད་སྲུང་སྐྱོང་གསལ་པོ་དང་ཁོངས་གཏོགས་ས་གནས་ཀྱི་འགན་འཁྲི་ཁུར་བར་ཤུགས་སྣོན་པ། ཕུལ་བྱུང་རིག་གནས་མ་ལག་རྒྱུན་འཛིན་བྱེད་པར་སྐུལ་བ་ཡིན་པ་རེད། ད་ཐེངས་བདམས་པའི་གྲོང་ཚོའི་ནང་དེ་གོང་སི་ཁྲོན་གྱི་སྲོལ་རྒྱུན་གྲོང་ཚོའི་མིང་ཐོའི་ནང་བཅུག་པའི་གྲོང་ཚོ268(རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ94འདུས་ཡོད)ཡོད་ལ། གསར་དུ་གཏན་འཁེལ་བྱས་པའི་གྲོང་ཚོ58ཀྱང་ཡོད་པ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)
