国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་བུད་མེད་དང་བླངས་ཞབས་ཞུས་ལོ་གཅིག་ནང་མི་ཁྲི12ལྷག་ལ་ཞབས་ཞུ་བྱས་ནས་ཁྱིམ་ཚང་ ཁྲི་སྟོང་ལ་བདེ་དྲོད་སྟེར།

2025ལོར་དཀར་མཛེས་ཁུལ་རིམ་ཁག་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་དང་། བུད་མེད་ལ་ཞབས་འདེགས།གཞི་རིམ་ལ་ཞབས་འདེགས་ཞུ་བ་བཅས་གཙོ་གནད་ལ་དམིགས་ནས་བུད་མེད་དང་བླངས་ཞབས་ཞུ་བྱེད་འགོ་བརྩམས། ཡུལ་སྡེ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ལས་དོན་ལ་གཞིགས་ཏེ་ཞབས་ཞུའི་ལས་གཞི་ཇུས་འགོད་ཞིབ་ཚགས་བྱས་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་བུད་མེད་ཀྱི་ནུས་པ་བཏོན།

ཁུལ་ཡོངས་ཀྱི་བུད་མེད་མཉམ་འབྲེལ་རྩ་འཛུགས་རིམ་པ་ཁག་གིས་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་དེ་བུད་མེད་དང་བླངས་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་ཏེ། སྐལ་བཟང་མེ་ཏོག་བུད་མེད་སྒྲོག་སྦྱང་རུ་ཁག་དང་། ཁེ་དབང་སྲུང་སྐྱོང་ཞབས་ཞུའི་རུ་ཁག། ཚན་རིག་མཁས་ཅན་སློབ་སྦྱོང་ཞབས་ཞུའི་རུ་ཁག་སོགས་རུ་ཁག65བསྡུས་ནས་ཡུལ་ཤོག་དང་གྲོང་སྡེ།དགོན་སྡེ་བཅས་སུ་སྒྲོག་སྦྱང་ཆེན་པོ་ཐེངས110དང་།བུད་མེད་དང་བླངས་ཞབས་ཞུ་ཐེངས150སྤེལ་ནས་མི་ཁྲི12ལྷག་ལ་ཁྱབ་པར་བྱས་ཡོད། འབྲེལ་ཡོད་ལས་དོན་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གྱིས་དོ་ཁུར་བྱས་པ་དང་།ཆ་འཕྲིན42རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་ཀྱི་སྐད་སྒྲ་སོགས་ལས་སྟེགས་ཀྱིས་སྤྱད་ཡོད། ཉག་ཆུ་རྫོང་བུད་མེད་དང་བླངས་ཞབས་ཞུའི་རུ་ཁག་ལ་རྒྱལ་ཡོངས་ཀྱི་རྒན་རྒོན་ལ་བརྩི་བཀུར་བྱེད་པའི་ཤེས་རིག་ཨང་གྲངས་ལ་གདེང་འཇོག་ཐོབ་ཡོད།

བུད་མེད་མཉམ་འབྲེལ་རྩ་འཛུགས་དང་བླངས་ཞབས་ཞུ་རུ་ཁག་གིས་བུད་མེད་ཀྱི་ཁྱིམ་གཞིས་དང་བྱིས་པའི་ཁྱིམ་གཞིས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སོགས་ལ་བརྟེན་ནས། བུད་མེད་དང་བླངས་ཉི་འོད་ས་ཚུགས6གསར་དུ་བསྐྲུན་པ་དང་། གཡུལ་ས་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། བྱེད་སྒོ་མཉམ་འབྲེལ་བཅས་མངོན་འགྱུར་ཡོང་བར་བྱས་ཏེ། དང་བླངས་ཞབས་ཞུའི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་།

ཡུལ་སྡེ་དར་རྒྱས་ཡོང་བར་རམ་འདེགས་བྱེད་པའི་ཐད་བརྒྱད་ཟིལ་དང་ལྕགས་ཟམ་རྫོང་སོགས་ཀྱིས་སི་ཁྲོན་མི་རིགས་སློབ་གླིང་དང་མཉམ་འབྲེལ་ཐོག་གློག་རྡུལ་ཚོང་དོན་གསོ་སྦྱོང་སྤེལ་བ་དང་། བུད་མེད་ལ་འདར་དབྱངས་མཛུབ་ཁྲིད་དང་། དངོས་ཟོག་ཐད་གཏོང་བསླབས་ཏེ་ལོ་ཧྲིལ་པོར་ཞིང་པར་རོགས་རམ་ཐད་གཏོང་ཐེངས36སྤེལ་བ་དང་།ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི1000ལས་བརྒལ་བར་སྐུལ་ཁྲིད་བྱས་པ་དང་།གྲོང་སྡེའི་བུད་མེད1800ལྷག་ལ་གསོ་སྦྱོང་བྱས་པ་རེད།

དམིགས་བསལ་ཚོགས་སྤྱིར་གཅེས་སྐྱོང་བྱེད་པའི་ཐད་ལོ་ཧྲིལ་པོར་དཀའ་ངལ་ཡོད་པའི་ཁྱིམ་ཚང1200ལྷག་ལ་འཚམས་འདྲི་དང་སློབ་ཚན་ཟུར་ཁྲིད་དང་འཚོ་བའི་ལྟ་སྐྱོང་སོགས་ཀྱི་ཞབས་ཞུ་ཐེངས3600ལྷག་མཁོ་འདོན་བྱས་པ་དང་། དར་མདོ་བུད་མེད་རྐང་ཐང་སྤྱི་ཕན་རུ་ཁག་གིས་རྒན་རྒོན་ལ་བརྩི་བཀུར་དང་རོགས་རམ།ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ལག་ལེན་ཨུ་ལྷན590ཡིས་གཅེས་སེམས་ཀྱི་ཨ་མའི་འགན་འཁུར་ནས་བྱིས་པར་དུས་ཆེན་ལ་རོགས་རམ་བྱས། དར་མདོ་དང་རྒྱལ་རོང་རྫོང་སོགས་ཀྱིས་ཡུལ་སྐོར་གཟའ་འཁོར་སྐབས་སུ་ཞབས་ཞུ་ལེགས་པོ་བསྒྲུབས་ཏེ་ལོ་ཧྲིལ་པོར་གཅེས་སྐྱོང་རོགས་རམ་བྱེད་སྒོ་ཐེངས800ལྷག་སྤེལ་བ་དང་བྱིས་པ་ཁྲི1.7ལ་ཁྱབ་ཅིང་།སྒོར་ཁྲི40ཙམ་གྱི་དངོས་ཟོག་ཕུལ་བ་རེད།

བུད་མེད་དང་བླངས་པ་བསྡུས་ནས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་དང་། འགལ་བ་འདུམ་འགྲིག། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ལས་དོན་ནང་ཞུགས་ཏེ་ལོ་ཧྲིལ་པོར་བཅོས་སྐྱོང་བྱེད་སྒོ་ཐེངས420ལྷག་སྤེལ།

ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་བསྐུལ་ནས་ཁྱིམ་ཚང་སློབ་གསོའི་དུས་ཆད་ཡོད་པའི་ཚན་རིག་མཁས་ཅན་གྱི་སློབ་གསོ་དྲིལ་བསྒྲགས་ལོ་འཁོར་གྱི་བྱེད་སྒོ་རྣམ་པ་སྣ་ཚོགས་བརྒྱུད་ནས《ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས》དང《ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོབ་བཅའ་ཁྲིམས》སོགས་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས།

ལོ་གཅིག་རིང་དཀར་མཛེས་ཁུལ་བུད་མེད་དང་བླངས་ཞབས་ཞུ་པས་སྤྱི་ཚོགས་ལ་ཞབས་ཞུ་དང་། ཤེས་རིག་ཁྱབ་སྤེལ། འཆམ་མཐུན་ལ་སྐུལ་བ་བཅས་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་ཏེ་གངས་ལྗོངས་མཐོ་སྒང་དེ་དྲོ་སྐྱིད་ཀྱིས་ཁྱབ་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་བ་རེད།།

( ཀུན་དགས་བྲིས།)