ཉེ་ཆར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དང་སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་གཙོ་གཉེར་བྱས་པའི་དེའུ་གསུམ་དང་ཅིན་ཧྲ་ཤུལ་གནས་གནའ་བོའི་སི་ཁྲོན་ཤེས་དཔལ་བཤམས་སྟོན་དེ་པེ་ཅིང་ཀྲུང་གོ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་འགོ་བཙུགས་ཏེ།བཤམས་སྟོན་གྱི་དུས་ཡུན་ཟླ་བ7ཡིན་པ་རེད།
ད་ཐེངས་བཤམས་སྟོན་གྱི་རིག་དངོས་ཕུལ་བྱུང200ལྷག་ནི་དེའུ་གསུམ་ཤུལ་གནས་དངོས་མང་བཤམས་སྟོན་ཁང་དང་ཁྲེང་ཏུའུ་ཅིན་ཧྲ་ཤུལ་གནས་དངོས་མང་བཤམས་སྟོན་ཁང་། སི་ཁྲིན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་།ཁྲེང་ཏུའུ་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་།ཀྲུང་གོ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་བཅས་ཀྱི་སྤུས་ལེགས་རིག་དངོས་ཡིན་ཞིང་།ལྟད་མོ་བ་ཚོར་གནའ་བོའི་སི་ཁྲོན་གྱི་རིག་རྫས་ཁྱད་འཕགས་མྱོང་རོལ་བྱེད་དུ་འཇུག་པ་རེད།།
ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།
