国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་སྐབས་བཅུ་གཉིས་པའི་ ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར།

ཐོག་མཐའ་བར་གསུམ་དུ་ཚད་གཞི་སྔར་ལས་མཐོ་ཞིང་བྱེད་ཐབས་སྔར་ལས་ཏན་ཏིག་ཡོང་བ་རྒྱུན་འཁྱོངས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཟབ་སར་སྤེལ་བ་རྒྱུན་ མ་ཆད་པར་བསྐུལ་དགོས་ཞེས་གསུངས།

སྤྱི་ཟླ་དང་པོའི་ཚེས26ཉིན། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཁྲེང་ཏུའུ་རུ་འཚོགས་པ་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་ཡོང་བ་རྒྱུན་འཁྱོངས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཟབ་སར་སྤེལ་བ་རྒྱུན་མ་ཆད་པར་བསྐུལ་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་དང་ལས་འགན་མངོན་དུ་འགྱུར་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་གསུངས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧྲི་ཞའོ་ལིན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆབ་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡུས་ལི་ཅུན་ཚོགས་འདུར་ཞུགས་པ་རེད།

( པར་ངོས་གཉིས་པར་གཟིགས།)