ཀྲའོ་པོ་ཡིས་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུར།
སྤྱི་ཟླ་དང་པོའི་ཚེས23ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་(རྒྱས་འཛོམས)ཚོགས་འདུ་འཚོགས་ནས། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་བཅས་གཅིག་སྡུད་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་སྡུད་སློབ་སྦྱོང་ཐེངས་ཉེར་གཅིག་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་སློབ་སྦྱོང་སློབ་གསོ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་གཅིག་སྡུད་སློབ་སྦྱོང་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་ངོས་འཛིན་དང་མྱོང་ཚོར་ཡང་གསུངས་པ་རེད། ( པར་ངོས་གཉིས་པར་གཟིགས།)