国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་ནགས་རྩྭ་མེ་ཟོན་མེ་གསོད་དང་དགུན་དུས་ཡུལ་སྐོར་ཞབས་ཞུའི་འགན་སྲུང་ ལས་དོན་ལ་གསང་འདྲི་གནང་།

སྤྱི་ཟླ་དང་པོའི་ཚེས25ནས་ཚེས26ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས“མི་དགོས་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་སྤྱད་དེ་ལྕགས་ཟམ་རྫོང་དང་དར་མདོ་གྲོང་ཁྱེར་གྱི་ཡུལ་སྡེའི་ལས་ཡུལ་དང་པོ་དང་། ལྗོངས་ཁུལ་ཁག་གཅིག་ལ་ཆེད་དོན་གསང་འདྲི་དང་ནགས་རྩྭ་མེ་ཟོན་མེ་གསོད་དང་དགུན་དུས་ཡུལ་སྐོར་ཞབས་ཞུའི་འགན་ལེན་ལས་དོན་ལ་ལྟ་སྐུལ་གནང་བ་རེད། ཁོང་གིས་ནགས་རྩྭ་མེ་ཟོན་མེ་གསོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། “གངས་དང་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་དོན་ལ་འཁྱོལ་ནས་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀའི་བྱ་ཐབས་ཁག་དམ་འཛིན་ཞིབ་ཕྲ་དང་། དགུན་དུས་ཡུལ་སྐོར་འཕེལ་རྒྱས་གཅིག་གྱུར་གྱིས་དམ་འཛིན་བྱས་ནས་སྲུང་སྐྱོང་ནན་པོའི་ཁྲོད་འབྱུང་འཕྲོད་འཕེལ་རྒྱས་མངོན་འགྱུར་བྱས་ནས། “རི་སྔོ་ཆུ་དྭངས”དང“གངས་དང་འཁྱགས་ཀླུང”དེ“གསེར་རི་དངུལ་རི”ལ་དངོས་སུ་བསྒྱུར་དགོས་ཞེས་ནན་གསུང་གནང་།( པར་ངོས་གཉིས་པར་གཟིགས།)