国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁྲེང་ཏུའུ་རུ་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་ མི་སྣར་འཚམས་འདྲི་གནང་།

སྤྱི་ཟླ་དང་པོའི་ཚེས26ཉིན། དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་ཤར་ལ་ཉེ་བའི་སྐབས་སུ་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁྲེང་ཏུའུ་རུ་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཁག་གཅིག་ལ་འཚམས་འདྲི་གནང་བ་དང་།ཁུལ་ཨུ་དང་།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁོང་རྣམ་པས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

ཀྲའོ་པོས་སྔ་ཕྱིར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྔོན་གྱི་ཚོགས་གཙོ་གཞོན་པ་དང་ལི་ཐང་རྫོང་བྱམས་ཆེན་ཆོས་འཁོར་གླིང་གི་སྤྲུལ་སྐུ་སྐྱབས་མགོན་དཔལ་ལྡན་རྡོ་རྗེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྔོན་གྱི་རྒྱུན་ལས་ལས་འཛིན་པ། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གི་འགོ་འཛིན། དཀར་མཛེས་རྫོང་དར་རྒྱས་དགོན་གྱི་སྤྲུལ་སྐུ་རྒྱལ་བསྟན བློ་བཟང་བྱམས་པ་དང་། ཁུལ་མི་དམངས་འཐུས་ཚོགས་ཀྱི་སྔོན་གྱི་ཀྲུའུ་རེན་གཞོན་པ། ལི་ཐང་རྫོང་ཨ་ཡིག་དགོན་གྱི་སྤྲུལ་སྐུ་བློ་བཟང་ཆོས་འཕེལ་བཅས་ལ་འཚམས་འདྲི་གནང་བ་དང་། ཁོང་ཚོ་དང་ཕན་ཚུན་བྱམས་བརྩེའི་གླེང་མོལ་གནང་སྟེ་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་དང་།ཁོང་ཚོའི་སྐུ་ལུས་བདེ་ཐང་དང་འཚོ་བའི་གནས་ཚུལ་སོགས་ལ་བཀའ་འདྲི་གནང་ཞིང་།ལོ་གཅིག་རིང་ཁུལ་ཡོངས་ཀྱི་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ། བསྒྱུར་བཅོས་བཅས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་དག་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)