སྤྱི་ཟླ་དང་པོའི་ཚེས28ཉིན།ཀྲུང་གོ་དཀར་མཛེས་ཁུལ་ལྗོངས་ཁུལ་གྱི་ཚེ་གང་པོའི་སྒོ་འཛིན་ལམ་ལུགས་འཛམ་གླིང་ལ་ཐོག་མར་ཁྱབ་སྤེལ་དང2026ལོའི་ཞིང་ལས་དང་རིག་གནས་ཡུལ་སྐོར། ལུས་རྩལ།ཚོང་དོན་བཅས་མཉམ་འདྲེས་བྱེད་སྒོ་ཁྱབ་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཡུལ་དངོས་སུ་འཁྱགས་ཀླུང་དང་རྩྭ་ཐང་། ལི་མེ་ཏོག་སོགས་བརྙན་ལམ་བརྒྱུད་ལྟད་མོ་བ་རྣམས་ཀྱི་མཐོང་ལམ་དུ་མངོན་པ་དང་། ཁྱབ་བསྒྲགས་ཚོགས་འདུ་བརྒྱུད་ནས་དཀར་མཛེས་ཁུལ་གྱིས2026ལོར་སྤེལ་རྒྱུའི་ཞིང་ལས་དང་རིག་གནས། ཡུལ་སྐོར། ལུས་རྩལ། ཚོང་ལས་བཅས་མཉམ་འདྲེས་ཟབ་མོར་བསྐུལ་ཏེ། རིག་གནས་ཡུལ་སྐོར་དང་ལུས་རྩལ་བྱེད་སྒོ། དམངས་སྲོལ་གོམས་གཤིས། གཟུགས་མེད་རིག་གནས་ཤུལ་བཞག་སོགས་སྣ་མང་ཕུན་སུམ་ཚོགས་པོར་དམིགས་ནས་དུས་ཚིགས་རེ་རེར་འགྲན་བསྡུར་ཡོད་པ་དང་ཟླ་བ་རེ་རེར་བྱེད་སྒོ་ཡོད་པ། ཉིན་རྟག་པར་ཉམས་ལེན་ཐུབ་པ། ལོ་རྟག་པར་ཁྱད་ཆོས་ཡོད་པ་སོགས་ཀྱི་རྣམ་པ་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།།
( ལྷ་འཛོམས་ཀྱིས་བསྒྱུར།)
