国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉག་ཆུ་རྫོང་ནས་ར་མལ་ལ་བར་གྱི་གཞུང་ལམ་ལས་ཚར་ཡོད།

ཉེ་ཆར་རྒྱལ་ལམ318ཡི་ཉག་ཆུ་རྫོང་མཁར་གྱི་ནུབ་ནས་ར་མལ་ལ་བར་གྱི་གཞུང་ལམ་དུམ་བུའི་ཨར་ལས་སྤྱི་ཁོག་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད། མཚོ་འཕགས་སྨི2689ཡོད་པའི་ཆུ་ཁ་གྲོང་རྡལ་ནས་མཚོ་འཕགས་སྨི3212ཡོད་པའི་མ་རྒན་གྲོང་བར་འཛུགས་སྐྲུན་པ་ཚོས་རི་ཚོགས་ཀྱི་བར་དུ་དཀའ་སྤྱད་འབད་བརྩོན་བྱས་ནས་རི་ཀླུང་ཁྲོད་དུ་གཞུང་ལམ་སྲོག་ཤིང་ལྟ་བུ་ཞིག་བཙུགས་པ་རེད།།