国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྕགས་ཟམ་མཚོ་གཉིས་ལ་གླུ་ཞིང་ཆེན་ཡོངས་ཀྱི་ཡུལ་སྲོལ་དཔལ་ཡོན་དཔེ་མཚོན་དུ་བདམས།

ཉེ་ཆར། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས2025ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་སྤྱི་ཚོགས་བྱ་གཞག་དཔེ་མཚོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས2025ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་སྤྱི་ཚོགས་བྱ་གཞག་གི་དཔེ་མཚོན27ལེགས་འདེམས་བྱས་ནས་གཏན་ལ་ཕབ་པ་རེད། དེའི་ནང་ལྕགས་ཟམ་རྫོང་གི་མཚོ་གཉིས་ཀྱི་ལ་གླུ་ཡུལ་སྲོལ་དཔལ་ཡོན་རིགས་ཀྱི་དཔེ་མཚོན་ལ་བདམས་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞི་ཡིས་ཡུལ་སྡེ་བཅོས་སྐྱོང་ནུས་ཤུགས་འདོན་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།།