ཉིན་ཤས་གོང་། རིག་གནས་དང་ཡུལ་སྐོར་པུའུ་གཞུང་དོན་ཐིང་གིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་སྟོན་སྤུས་ལེགས་མིང་ཐོའི་ནང་བདམས་པའི་ལས་གཞིའི་མིང་ཐོ་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པར་རྒྱལ་ཡོངས་ཀྱི་སྤུས་ལེགས་ལས་གཞི27འབུར་ཐོན་བྱུང་། དེའི་ནང་རང་ཁུལ་གྱི་མྱོང་རོལ་ཅན་གྱི་ཉེན་འཇུག་འཁྲབ་སྟོན་ཆེ་གྲས《ཉི་སྟེན་གསང་བ》བདེ་བླག་ངང་བདམས་ཐོན་བྱུང་བ་རེད། དེ་ནི་ཐེངས་འདིའི་སི་ཁྲོན་གྱི་རྒྱལ་ཁབ་རིམ་པའི་བདེན་དཔང་ཐོབ་པའི་ཡུལ་སྐོར་འཁྲབ་སྟོན་ལས་གཞི་གཅིག་པུར་གྱུར་ཡོད།
ཐེངས་འདིའི་བདམས་ཐོན་བྱུང་བ་ནི་རང་ཁུལ་གྱི“རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པའི”ལས་དོན་མུ་མཐུད་དེ་ཟབ་ཏུ་སྤེལ་བའི་འབྲས་བུ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གསར་བརྗེ་རིག་གནས་དང་དམངས་སྲོལ་རིག་གནས་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ནས། རིག་གནས་བརྒྱུད་འཛིན་དང་གསར་གཏོད་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ། སྲིད་ཇུས་དང་མ་དངུལ་གྱི་འགན་སྲུང་ཉིས་བརྩེགས་ལ་ཤུགས་བརྒྱབ་པ་བརྒྱུད་གཙོ་གནད་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཆེད་དོན་རོགས་སྐྱོར་སྲིད་ཇུས་བཏོན་པ་དང་། དུས་མཚུངས་སུ་ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། “གངས་དཀར་སྒྱུ་རྩལ་དུས་ཚིགས”དང“མི་གསར་པ་དང་བརྩམས་ཆོས་གསར་པ”སོགས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ས་གནས་དེ་གའི་གསར་རྩོམ་སྟོབས་ཤུགས་སྔོག་འདོན་དང་གསོ་སྐྱོང་བྱས་ཏེ། རིག་གནས་ཡུལ་སྐོར་འཁྲབ་སྟོན་སྤུས་ལེགས་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
