( པར་ངོས་དང་པོར་མཐུད།)
ཝང་ཞའོ་ཧུའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གནང་བའི་གསུང་བཤད་གལ་ཆེན་ལས་འདས་ཟིན་པའི་ལོ་གཅིག་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་གྲུབ་པའི་འགག་རྩའི་དུས་སྐབས་ལ་དམིགས་ནས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་བ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་འགྲུབ་པར་འགན་སྲུང་བརྟན་པོའི་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་བའི་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་བརྒྱག་དགོས་པ་དང་སྤྱོད་ཚུལ་གྱི་ཆུ་རགས་བརྟན་དུ་གཏང་དགོས་པ། རུལ་སུངས་བཅོས་སྐྱོང་ཟབ་ཏུ་གཏང་དགོས་པ། ལམ་ལུགས་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས།
ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་གྲོང་ཁྱེར(ཁུལ་)ཁག་ཏུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་ལིའོ་ཅན་ཡུས་ཀྱིས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་བྱས་པ་དང་། ཚོགས་འདུ་ཐེངས་གཉིས་པར་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སེང་ཞུས་པ་རེད། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་བློ་མཐུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
