国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཁོང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་བསམ་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ནན་པོ་བཅས་རྒྱུན་འཁྱོངས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ཚུལ་ཅན་དང་ཕན་ནུས་རིང་བར་བསྐུལ་ཏེ། སྤྱོད་ཚུལ་བཟང་པོས་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་སློབ་སྦྱོང་ནང་ཞུགས་པ་རེད།

ཚོགས་འདུ་མ་འཚོགས་གོང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མིས་སློབ་སྦྱོང་གི་གཙོ་དོན་ལ་དམིགས་ནས་རང་སྦྱོང་ནན་ཏན་བྱས་པ་དང་།ཚོགས་འདུར་ཚང་མས་བསམ་བློའི་ངོས་འཛིན་དང་ལས་ཀའི་དོན་དངོས་ཟུང་དུ་འབྲེལ་ནས་གཏམ་བཤད་དང་སྤེལ་རེས་བྱས་པ་རེད།

ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་སོ་སོས་སློབ་སྦྱོང་ལ་གོ་བ་ཟབ་མོ་བླངས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གནས་བབ་གསར་པ་དང་འགྲན་སློང་གསར་པར་མ་སྐུལ་དང་བླངས་ཀྱིས་ཁ་གཏད་གཅོག་པ་དང་། རང་ཉིད་གསར་བརྗེའི་སྙིང་སྟོབས་ཀྱིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་དེ་མཐར་ཕྱིན་པ་བྱས་ནས་ཧུར་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱིས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་དགོས།།

( ལྷ་འཛོམས་ཀྱིས་བསྒྱུར།)