( པར་ངོས་དང་པོར་མཐུད།)
ཧྥུང་ཧྥ་ཀུའེ་ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་མཐུན་སྒྲིལ་གྲོང་སྡེ་དང་ཞི་བདེ་གྲོང་སྡེ། དར་མདོ་གྲོང་ཁྱེར་གྱི་གཡག་རྭ་ཡུལ་ཤོག་ཝ་མང་གྲོང་སྡེ་དང་གྲོང་མགོ་གྲོང་སྡེ་སོགས་སུ་ཕེབས་ནས་ནགས་རྩྭ་མེ་ཟོན་མེ་གསོད་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་དང་། “འཁོར་ལྔ་རྒྱུད་ལྔ”གཙང་བཤེར། གཙོ་གནད་ས་ཁོངས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང“དཀར་མཛེས་མགྱོགས་ཞུ”འཕྲིན་ཕྲན་བསྒྲིགས་རིམ་ཆུང་ངུ་ཡིས་མངོན་མེད་རྐྱེན་ངན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་བཅས་ལ་ཞིབ་བཤེར་གནང་བ་དང་། དར་མདོ་གྲོང་ཁྱེར་ལྗོངས་ཁུལ་ཁག་གཅིག་ལ་ཕེབས་དུས་ཧྥུང་ཧྥ་ཀུའེ་དང་འབྲེལ་ཡོད་འགན་འཁུར་བ་གཉིས་སྤེལ་རེས་ཞིབ་ཕྲ་གནང་ནས་ལྗོངས་ཁུལ་གྱི་དགུན་དུས་ཡུལ་སྐོར་སྣེ་ལེན་དང་འཛད་སྤྱོད་རྣམ་པ་གཏོད་ལུགས་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།
ཁོང་གིས་མིག་སྔར་ནི་ནགས་རྩྭར་མེ་སྐྱོན་འབྱུང་སླ་ཞིང་ཉེན་ཁ་ཆེ་བའི་དུས་ཡིན་པས་མེ་ཟོན་གྱི་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ལྷོད་གཡེང་གི་བསམ་བློ་དང་སྟབས་བདེའི་བསམ་བློ། ཞི་ལྷོད་ཀྱི་སེམས་ཁམས་བཅས་མཐའ་གཅིག་ཏུ་ཁྱད་དུ་བསད་ནས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་དང་། ནམ་ཡང་འགན་འཁྲིའི་སེམས་པ་མ་ལྷོད་པའི་སྒོ་ནས་རིམ་པ་ཁག་གི་འགན་སྲུང་འགན་འཁུར་བ་དང་། ནགས་རྩྭ་སྲུང་མཁན། དྲྭ་ཁོངས་ཞབས་ཞུ་མི་སྣ་བཅས་ཀྱིས་འགན་འཁྲི་དམ་འཛིན་བྱས་ཏེ་འགོག་ཟོན་ནང་འཁོར་འགན་འཁྲི་དོན་ལ་འཁྱོལ་བ་དང་། འགོག་ཟོན་ཚོད་འཛིན་སྟོབས་ཤུགས་བཀོད་སྒྲིག་གནད་ལ་འཁེལ་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཧྥུང་ཧྥ་ཀུའེ་ཡིས་ད་དུང་ཁུལ་ཡོངས་ཀྱི་ནགས་རྩྭ་མེ་ཟོན་མེ་གསོད་དང་ལས་རེས་ཐུན་སྲུང་ལས་དོན་ལ་ཆེད་དོན་བཀོད་གཏོང་གནང་བ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)
