སྤྱི་ཟླ2པའི་ཚེས2ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་རུ་འཚོག་འགོ་བཙུགས་པ་རེད།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་དང་། ཀྲུའུ་ཞི་གཞོན་པ་ཀྲུང་མེན། ཏུའུ་ཧོ་ཕིན། ལིན་ཧྲུའུ་ཁྲེན། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེང་མིང་། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝུའེ་ལིན། དྲུང་ཡིག་ཆེ་མོ་བ་མ་པོ་སོགས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧྲི་ཞའོ་ལིན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡུས་ལི་ཅུན་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུའུ་ཞིའི་སྟེགས་བུར་བཞུགས་པ་རེད།
ཐེངས་འདིའི་གྲོས་ཚོགས་སུ་འབྱོར་དགོས་པའི་ཨུ་ཡོན880ཡིན་ཞིང་། ཨུ་ཡོན852དངོས་སུ་འབྱོར་ཡོད་པས་གཏན་འབེབས་མི་གྲངས་དང་མཐུན་ཡོད། ཀྲུང་མེན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་། སྔ་དྲོའི་ཆུ་ཚོད9པར་ཀྲུང་མེན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འགོ་འཛུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
ཚོགས་ཆེན་གྱིས་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཐེན་ཞང་ལི་ཡིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཕུལ་བ་རེད། སྙན་སེང་ནང་བསྟན་དོན། ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་དུ་འཁྱོལ་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ནུས་ལྡན་དང་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་འོག། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་ངེས་རྒྱུན་འཁྱོངས་དང་། མཐུན་སྒྲིལ་དང་དམངས་གཙོ་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས། “སྲོག་ཤིང་བཞི་དང་སྣེ་ཁྲིད་གཅིག”གི་སྤྱིའི་ལས་ཀའི་བླང་བྱ་རྒྱུན་འཁྱོངས་ཏེ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། “གཅིག་བསྒྲིལ་བཞིའི”ལས་དོན་ཏན་ཏིག་ལེགས་པར་བསྒྲུབས་ནས། “སྲིད་གྲོས་ཀྱི་འགན་འཁྲི”དངོས་སུ་ལག་ལེན་མཐར་ཕྱིན་བསྟར་ནས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་པ་དང་། དོན་དངོས་བསྒྲུབས་ནས་བྱས་རྗེས་གསར་པ་འཇོག་དགོས།
( པར་ངོས་གཉིས་པར་གཟིགས།)
