ཉེ་ཆར། དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་དར་མདོར་འཚོགས་ཤིང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་དང་གཏམ་བཤད་བྱས།
ཁུལ་དམངས་ཆེན་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་ལ་ད་ལྟ་ཁོངས་མི44ཡོད་ལ། ཐེངས་འདིའི་ཚོགས་འདུར་ཞུགས་མཁན་མི38ཡོད་པས་ཁྲིམས་ལུགས་གཏན་འབེབས་ཀྱི་མི་གྲངས་དང་མཐུན་པ་རེད།
ཚོགས་འདུར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་སེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མི་དོན་བསྐོ་གཞག་གི་གྲོས་གཞིར་གྲོས་ཞིབ་དང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། དཔལ་འཛོམས་སོགས་བློ་མཐུན་གསུམ་ཁྲིམས་ལྟར་བསྐོ་གཞག་བྱས་པ་དང་། སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུར་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གསབ་འདེམས་བྱ་རྒྱུའི་རེ་ཞུ་བྱས་པའི་མི་སྣའི་གནས་ཚུལ་དང་། གསབ་འདེམས་གོ་རིམ་སྐོར་གྱི་གསལ་བཤད་ལ་ཉན་འཇོག་བྱས་ནས་གྲོས་ཞིབ་བྱས་པ་དང་། ཁྲིམས་ལྟར་ཞིང་ཆེན་དམངས་ཆེན་འཐུས་ཚོགས་ཀྱི་འཐུས་མི2གསབ་འདེམས་བྱས་པ་རེད།
ཚོགས་འདུར། སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པ་འཚོག་ཉེར་ཡོད་ལ་གྲ་སྒྲིག་ལས་དོན་ཁག་མཆོང་སྐྱོད་ཀྱི་དུས་མཚམས་སུ་སླེབས་ཡོད་པས། ངེས་པར་དུ་གྲ་སྒྲིག་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་དོན་འཁྱོལ་བྱ་དགོས་ཞེས་བསྟན་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར། )
