国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱིས2026ལོའི་ཚོང་དོན་ལས་དོན་གྱི་དམིགས་འབེན་གསར་པ་གཏན་འཁེལ་བྱས།

ད་ལོར་ཚོང་འགུགས་དངུལ་འདྲེན་ཐད་སྒོར་དུང་ཕྱུར135གཏང་རྒྱུ།

ཉེ་ཆར།2026ལོའི་དཀར་མཛེས་ཁུལ་ཚོང་དོན་མཉམ་ལས་ཕྱི་དོན་དང་ཏང་སྲོལ་སྲིད་གཙང་ལས་དོན་ཚོགས་འདུ་འཚོགས། ཚོགས་འདུར“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་བརྩམས་པའི་ལོའི་ཚོང་དོན་ཕྱི་དོན་གྱི་གཙོ་གནད་ལས་དོན་ལ་གཏན་འཁེལ་བྱས་པ་རེད།

འདས་ཟིན་པའི་ལོ་ལྔའི་ནང་། དཀར་མཛེས་ཁུལ་གྱི“ཚོང་དོན་རྩིས་ཐོ”ནང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་བརྒྱ་ཆ34འཕར་ནས་སྒོར་དུང་ཕྱུར153.13ལ་ཟིན་པ་དང་། ཕྱི་ཕྱོགས་ཚོང་དོན་ནང་འདྲེན་བྱེད་ཚད་བརྒྱ་ཆ250འཕར་ནས་སྒོར་དུང་ཕྱུར6.75ཡི་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཚོང་འགུགས་དངུལ་འདྲེན་བྱས་ནས་བསྡོམས་པས་དངུལ་སྒོར་དུང་ཕྱུར872.86བླངས་པ་དང“གནས་མཆོག་དཀར་མཛེས”སྤུས་རྟགས་ཕྱི་རྒྱལ་དུ་ཐེངས8ངོ་སྤྲོད་བྱས་པ་རེད།

ལོ་ཧྲིལ་པོའི་ནང་ཚོང་འགུགས་དངུལ་འདྲེན་བྱས་ནས་མ་དངུལ་སྒོར་དུང་ཕྱུར183.6ལ་ཟིན། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལས་གསུམ་ཆ་གཅིག་ཡན་ལས་བརྒལ་བ་དང་། དེའི་ནང་གི་མ་དངུལ་ཕྱེད་ཀ་ལྷག་ཙམ་ཁྱད་ལྡན་ཞིང་འབྲོག་དང་། ནུས་ཁུངས་གཙང་མ། རིག་གནས་ཡུལ་སྐོར་བཅས་དགེ་མཚན་ལྡན་པའི་ཐོན་ལས་ཆེན་པོ་གསུམ་ལ་བུད་ཡོད་པ་རེད། ཁེ་ལས་ཀྱི་དཀའ་ངལ་སེལ་ཆེད་དཀར་མཛེས་ཁུལ་གྱིས་བྱ་ཐབས་དངོས་བཏོན་ཡོད་པ་རེད།

ཚོགས་འདུར2026ལོར་དམིགས་འབེན་ཁ་གསལ་གཏན་འཁེལ་བྱས་ཏེ། ལོ་ཧྲིལ་པོར་ཚོང་འགུགས་དངུལ་འདྲེན་བྱས་ནས་མ་དངུལ་སྒོར་དུང་ཕྱུར135མངོན་འགྱུར་ཡོང་རྒྱུ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་དང་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་ཚད་བརྒྱ་ཆ4.5དང་བརྒྱ་ཆ5.4འཕར་རྒྱུ། ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་སླར་ཡང་བརྒྱ་ཆ7འཕར་རྒྱུ་ཡིན་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)