( པར་ངོས་དང་པོར་མཐུད།)
སྙན་སེང་ནང་བསྟན་དོན། ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“གཏན་འཁེལ་གཉིས”ལ་བརྩི་བཀུར་བརྟན་པོ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་དང་།“སྲོག་ཤིང་གཙོ་བོ”དང“སྤྱིའི་རྩ་འཛིན”དམ་འཛིན་བརྟན་པོ་རྒྱུན་འཁྱོངས་ཏེ། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་བཞག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་།“མཐོ་ས་གཉིས་དང་། རྟེན་གཞི་གཉིས། སྲུང་ཡོལ་གཅིག”དང“སྣེ་གཅིག་དང་འབྱུང་ཁུངས་གཅིག”གི་ལས་འགན་དང་འགན་འཁྲི་ལ་རྒྱུན་མཐུད་ངང་དམིགས་ནས་སྲིད་གླེང་ཇུས་འདོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མངགས་བཅོལ་དེ་སྲིད་གྲོས་ཀྱི་ལས་འགན་སྒྲུབ་པའི་ལག་ལེན་དང་འབད་བརྩོན་གྱི་སྒུལ་ཤུགས་སུ་རྒྱུན་ཆད་མེད་པར་བསྒྱུར་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལ་དམིགས་ནས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། “ངས‘ལོ་ལྔའི་འཆར་འགོད་བཅོ་ལྔ་པ’ལ་ཐབས་ཇུས་འབུལ་བའི”བྱེད་སྒོ་ཏན་ཏིག་ངང་སྤེལ་ནས། གྲོས་འགོ་བཏོན་པའི་གྲུབ་འབྲས་འབོར་ཆེན་ཞིག་དོན་ཐོག་ཏུ་འཁྱོལ་ཞིང་ལག་ལེན་བསྟར་བ་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་ནས་རྒྱུན་འཁྱོངས་ལྷོད་མེད་དང་སྤྱོད་ཚུལ་གསར་པ་འཛུགས་པ། ལས་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་བཅས་བསྐྲུན་དགོས་པ་རེད། ཞིང་ཆེན་ཏང་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ། ཞིང་ཆེན་ཏང་ཨུའི“གོམ་གང་མདུན་སྤོས་ལྔའི”བཀོད་སྒྲིག་བླང་བྱ་དང་བསྡུར་ནས་ཁ་ཕྱོགས་དང་བྱ་ཐབས་གཏན་འབེབས། འགན་འཁྲི་སྒྲུབ་ཐབས་བཅས་བྱས་ཏེ་རིམ་པ་ཁག་གིས་ལས་དོན་དོན་འཁྱོལ་བྱ་རྒྱུར་བསྐུལ་དགོས།
སྙན་སེང་ནང་བསྟོན་དོན། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་ཁག་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། སྲིད་གྲོས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་འབུར་ཐོན་བྱེད་པ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དོན་ལ་འཁྱོལ་ཏེ། སློབ་སྦྱོང་གཏིང་ཟབ་དང་ཡིད་ཆེས་བརྟན་པོ་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས། སྲིད་གྲོས་ལས་དོན་གྱི་ཁྱོན་ཡོངས་ཀྱི་རང་བཞིན་མངོན་གསལ་དོད་དུ་བཏང་བ་དང་། ལྟེ་བའི་གནས་བབ་གཏན་འཁེལ་བྱས་ནས་དངོས་སྒྲུབ་གྲོས་འགོ་འདོན་པའི་ཁྲོད་འགན་འཁུར་གྱི་བྱས་རྗེས་མངོན་དགོས།སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་མི་དམངས་ཀྱི་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཨུ་ཡོན་གྱི་འགན་ནུས་སྒྲུབ་པའི"མི་དམངས་ལ་ཞབས་འདེགས་ཞུ་བའི"བྱེད་སྒོ་གཏིང་ཟབ་སྤེལ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་མི་དམངས་ཀྱི་བརྩེ་སེམས་བརྟན་སྲུང་བྱ་དགོས་པ་དང་། སྲིད་གྲོས་ཀྱི་ནུས་པའི་གཅིག་གྱུར་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་མི་སེམས་གཅིག་མཐུན་གྱི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ཁྲོད་འབད་འཐབ་ཀྱི་སྟོབས་ཤུགས་འཕེལ་བར་བྱ་དགོས། སྲིད་གྲོས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འབུར་དུ་ཐོན་པ་དང་། ནུས་པ་དང་ནུས་རྩལ་སྦྱོང་བརྡར་བྱས་ཏེ། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་ནས་དངོས་སྒྲུབ་ལེགས་གཏོད་བྱེད་པའི་ཁྲོད་འགན་འཁྲི་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས་པ་རེད།
སྙན་སེང་ནང་བསྟན་དོན། 2026ལོར་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། “སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། ལས་འགན་གཙོ་བོར་ཞབས་ཞུ་ཧུར་ཐག། དམངས་ཀྱི་ཆེད་དུ་ཐོག་མའི་བསམ་འདུན་བརྟན་སྲུང་། མི་སེམས་རྒྱ་ཁྱབ་ངང་གཅིག་སྒྲིལ་དང་། ལས་འགན་གཙོ་བོ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འདེགས་པའི” སྤྱིའི་ལས་ཀའི་བླང་བྱ་མཐའ་འཁྱོངས་ཏེ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། སེམས་གཅིག་བློ་གཅིག་གིས་དེང་རབས་ཅན་གྱི་སི་ཁྲོན་ཐུན་མོང་དུ་འཛུགས་པའི་ཆེད་དོན་བྱ་སྤྱོད་ལ་བསྐུལ་བ་དང་།“ངས་དཔལ་འབྱོར་ཞིང་ཆེན་སྟོབས་ཆེན་ལ་འགན་ཆེན་ཁུར་བར་ཐབས་ཇུས་ཤིག་འབུལ”ཞེས་པའི་བྱེད་སྒོ་གཙོ་གནད་དུ་བཟུང་སྟེ། མི་དམངས་དང་གྲོས་མོལ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པའི་ལས་དོན་མུ་མཐུད་དུ་མཐོ་རུ་གཏང་དགོས། ཨུ་ཡོན་ཁྱིམ་གཞིས་དང་། དམངས་གཙོའི་ཁྱིམ་གཞི། མཐུན་སྒྲིལ་ཁྱིམ་གཞིས་བཅས་ཡག་པོར་བསྐྲུན་གང་ཐུབ་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བའི་ཐོག་ནས“གཅིག་སྒྲིལ་བཞིའི”ལས་དོན་ལེགས་པར་བསྒྲུབ་པ་དང་། སྲིད་གླེང་ཐབས་འདོན་གྱི“ཐབས་ཇུས”སྔར་བས་གནད་ལ་འཁེལ་བ་དང་། དམངས་དོན་དུ་འགན་ནུས་སྒྲུབ་པའི“ལས་དོན”སྔར་ལས་ཏན་ཏིག་བསྒྲུབ་པ། མཐུན་སྒྲིལ་དངོས་སྒྲུབ་ཀྱི“ངར་ཤུགས”སྔར་ལས་ཇེ་ཆེར་གཏང་བ་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་བརྩམ་པར་སྲིད་གྲོས་ཀྱིས་བྱས་རྗེས་སྔར་ལས་ཆེ་བ་འབུལ་དགོས།
ཞེ་ཧྲང་ཧྭ་ཡིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་སེང་གནང་བ་རེད། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་རྒྱ་ཆེའི་ཨུ་ཡོན་དང་། སྲིད་གྲོས་ཞུགས་མཁན་སྡེ་ཚན་ཁག་དང་།ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཁྱོན་གྲོས་འཆར1461བཏོན་པ་དང2025ལོའི་ཟླ་བ12པའི་ཚེས31ཉིན་བར་ཞིབ་བཤེར་ཐོ་འགོད་བྱས་པའི་གྲོས་གཞི1255ཚང་མར་ལན་བརྒྱབ་པ་རེད།
ཝང་ཞའོ་ཧུའེ་ཡིས་ཚོགས་འདུར་གསུང་བཤད་གནང་སྟེ། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་ཞུས་ནས་ཚོགས་ཆེན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་སྲིད་གྲོས་ཨུ་ཡོན་དང་ཚོགས་ཞུགས་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས2025ལོ་ནི་སི་ཁྲོན་གྱི་སྒྱུར་བཅོས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ང་ཚོར་སྐུལ་མ་ཐེབས་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཟླ5པར་ཆེད་དུ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། སྤྱི་ཟླ12པར་སླར་ཡང་ཁྲེང་ཏུའུ་རུ་དངོས་སུ་ཕེབས་ནས་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་ལ་ཞུགས་པ་དེས་སི་ཁྲོན་ལ་དམིགས་བསལ་ཡིད་ཆེས་དང་ཐུགས་ཁུར་ཟབ་མོ་གནང་ལུགས་གང་ལེགས་མཚོན་ཡོད། ང་ཚོ་ཆེས་དགའ་འོས་པ་ཞིག་ནི། དཀའ་ངལ་དང་འགྲན་སློང་མང་པོ་དང་དཀའ་ཚེགས་ཆེ་བའི་ལས་འགན་མདུན་དུ་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འགག་སྒྲོལ་དཀའ་སེལ་དང་འབད་བརྩོན་དངོས་སྒྲུབ་བྱས་ཏེ། བྱ་གཞག་ཁག་གི་གནོན་ཤུགས་ཐེག་བཞིན་མདུན་སྐྱོད་བྱེད་རིང་གྲུབ་འབྲས་གསར་པ་ཐོབ་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”གྲུབ་འབྲས་ཐོབ་པའི་སྒོ་ནས་མཇུག་བསྒྲིལ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་གོམ་སྟབས་གསར་པ་བརྟན་པོས་སྤོས་ཡོད།
ཝང་ཞའོ་ཧུའེ་ཡིས་བསྟན་དོན། ལོ་འདིར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཅིག་གྱུར་དུ་འཛིན་རྒྱུ་མཐའ་འཁྱོངས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མུ་མཐུད་དུ་ཤུགས་ཡོད་རྒུས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཕྲ་བླངས་ཏེ་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་ནས་སྤྱིའི་ལས་ཀའི་བཀོད་སྒྲིག་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་སི་ཁྲོན་དུ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་བསྐུལ་ནས། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་གཏོང་བའི་བྱ་གཞག་འཕེལ་རྒྱས་ལ་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་ཡོད། ལོ་འདིར། ང་ཚོས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གཙོ་དོན་མཐའ་འཁྱོངས་ཏེ། དཔལ་འབྱོར་ཞིང་ཆེན་ཆེན་པོའི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་ཁུར་ནས། ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་བྱས་ནས་མ་འཇོག་ལ་སྐུལ་བ་དང་། ནང་མཁོ་རྒྱ་སྐྱེད་བཏང་ནས་འཛད་སྤྱོད་ལ་སྐུལ་བས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དེ་གསར་པ་དང་ལེགས་ཕྱོགས་སུ་སྤེལ་ཏེ། དཔལ་འབྱོར་གྱི་གྲངས་འབོར་དང་སྤུས་ཚད་མཉམ་འཕར་དང་བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བ་མངོན་འགྱུར་བྱུང་ཡོད། ལོ་འདིར། ང་ཚོས་བསྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་བྱེད་པ་མཐའ་འཁྱོངས་ཏེ། གོམ་སྟབས་མྱུར་ཞིང་བརྟན་པོའི་ངང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་སྐུལ་འདེད་བཏང་བ་དང་།སྒོ་འབྱེད་བགྲོད་ལམ་ཆེན་པོ་དང།ལྟེ་གནས་ཆེན་པོ།ལས་སྟེགས་ཆེན་པོ་བཅས་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་བསྐུལ་བས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ངར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལོ་འདིར། ང་ཚོས་དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པ་མཐའ་འཁྱོངས་ཏེ། ཐོག་མཐའ་བར་གསུམ་དུ་དམངས་འཚོ་གཙོ་བོར་འཛིན་པ་དང་། དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་མངོན་གསལ་དོད་དུ་བཏང་སྟེ། དམངས་འཚོའི་དོན་དངོས་ཏན་ཏིག་བསྒྲུབས་པ་དང་། གནོད་འགོག། གནོད་འཕྲི། གནོད་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་བཅས་གཅིག་གྱུར་གྱིས་དམ་འཛིན་བྱས་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལོ་འདིར། ང་ཚོས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་ཏེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་ཤུགས་བརྒྱབ་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་བསྐུལ་བ་བྱས་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱས་ཡོད།
ཝང་ཞའོ་ཧུའེ་ཡིས་བསྟན་དོན།མི་དམངས་སྲིད་གྲོས་ནི་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན།ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་ཆེན་པོ་གཉིས་ལ་དམིགས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་སྟེ། ཆབ་སྲིད་ཀྱི་སྣེ་ཁྲིད་བློ་བརྟན་འགྱུར་མེད་དང་། ཁྱོན་ཡོངས་ལ་ཞབས་འདེགས་ལེགས་པོ་ཞུ་བ། སེམས་ཤུགས་གཅིག་སྒྲིལ་གྱིས་གྲུབ་འབྲས་གསར་པ་ཐོབ་པ་དང་། རང་ངོས་འཛུགས་སྐྱོང་ནན་པོ་དང་ཏན་ཏིན་བྱས་པ། སྲིད་གྲོས་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་ཞིང་ཆེན་ཡོངས་ཀྱི་བསྒྱུར་བཅོས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
ཝང་ཞའོ་ཧུའེ་ཡིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགྲུལ་བཞུད་གསར་པའི་གོམ་སྟབས་སྤོ་རྗེས། ཞིང་ཆེན་ཏང་ཨུས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་པའི་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ད་ལོར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོས་པར་དམིགས་ཏེ་ཞིང་ཆེན་ཏང་ཨུས“མགྱོགས་གཏོང་གཉིས”ཀྱི་དམིགས་ཚད་ལས་འགན་བཏོན་ཡོད། བརྗིད་ཉམས་ཀྱི་ཕུགས་འདུན་དེ་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་དགོས་ན། ས་གནས་ཁག་དང་སྡེ་ཚན་ཁག། ཁྱབ་ཁོངས་ཁག་དང་འཐབ་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་ཧུར་ཐག་བྱ་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་སྲུང་བ་དང་བློ་སེམས་དཀར་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་བས་གོ་བ་གཏིང་ཟབ་བླངས་ནས “སྲུང་སྐྱོང་གཉིས”སྔར་བས་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་སི་ཁྲོན་གྱི་ས་གཞི་ཆེན་པོ་ཐོག་ཏུ་ཁྱབ་ཐག་ཆོད་དང་ལག་ལེན་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས། དཔའ་ངར་ཆེན་པོས་འགན་འཁུར་ཕོད་པ་དང་འཕེལ་རྒྱས་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ། “ཅན་བཞི་གོམ་སྟབས་གཅིག་མཚུངས་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་གཏིང་ཟབ་བྱས་ཏེ་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་འཛུགས་སྐྲུན་བྱེད་པ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏང་དགོས། རྣམ་པ་ཀུན་ཏུ་དོན་དངོས་སྒྲུབ་པ་དང་དམངས་ཕན་གྱི་བྱ་བ་སྒྲུབ་པ། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་བཅངས་ནས་མང་ཚོགས་ཀྱི་དཀའ་སྡུག་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་དགོས། ཐོག་མཐའ་བར་གསུམ་དུ་ཉེན་མེད་སྲུང་སྐྱོང་དང་བརྟན་བརླིང་སྲུང་སྐྱོང་ཏན་ཏིན་བྱས་ནས་འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་བཏང་ནས་ཉེན་མེད་བརྟན་བརླིང་གི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་ཚད་ཐིག་མཐའ་གཅིག་ཏུ་འགན་སྲུང་བྱ་དགོས། བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ལ་སྐུལ་འདེད་གཏོང་བ་དང་། ཡིད་རྟོན་ཆེ་བ་དང་། དམངས་སེམས་འདུས་པ། ཡིད་སེམས་དྲོ་བ། སེམས་མཐུན་འཛུགས་སྐྱོང་བཅས་ཀྱི་ལས་དོན་ཏན་ཏན་ཏིག་ཏིག་བསྒྲུབས་ཏེ། ཐུན་མོང་ཁེ་ཕན་ལ་བརྩི་སྲུང་བྱེད་པ་དང་སྲོག་ཤིང་ལྟ་བ་བརྟན་པོ་བཅངས་ནས་བློ་སེམས་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་རྣམ་པ་ཞིག་ཆགས་པར་བྱ་དགོས།
ཝང་ཞའོ་ཧུའེ་ཡིས་བསྟན་དོན། འགོ་འཛུགས་གསར་པ་ནས་མི་དམངས་སྲིད་གྲོས་ལ་གར་སྟེགས་དེ་བས་རྒྱ་ཆེན་པོས་སྒུག་ཡོད་པར་མ་ཟད་གྲུབ་འབྲས་ཆེན་པོ་བླང་པའི་ཡིད་ཆེས་ཀྱིས་ཁེངས་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཆབ་སྲིད་འགན་འཁྲི་བརྟན་པོ་འཛིན་པ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”གཏན་འབེབས་དང་ཆབ་སྲིད་གྲོས་མོལ་ལག་ལེན་གཏིང་ཟབ་བྱེད་པར་དམིགས་ཏེ། བསམ་འཆར་དང་ཐབས་ཇུས་ཧུར་ཐག་འདོན་པ་དང་། དམངས་གཙོ་ལྟ་སྐུལ་བཅས་བྱས་ནས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཆེད་རྒྱ་ཁྱབ་ཀྱི་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན། བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བྱེད་པོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། ཆབ་སྲིད་ཀྱི་ཐོབ་ཐང་ལ་གཅེས་སྤྲས་བྱེད་པ། འགན་འཁྲི་འགན་འཁུར་ཕོད་པ། ཏང་གི་སྲིད་ཇུས་དྲིལ་བསྒྲག་ཡག་པོ་བྱེད་མཁན། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཡག་པོ་བྱེད་མཁན། སྤྱི་ཚོགས་འཆམ་མཐུན་སྐུལ་འདེད་གཏོང་མཁན་བཅས་ཡག་པོ་བྱས་ཏེ། དུས་རབས་གསར་པ་དང་མདུན་བསྐྱོད་གསར་པའི་ཁྲོད་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་འཁུར་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས། ཞིང་ཆེན་ཡོངས་ཀྱི་ཏང་ཨུ་རིམ་པ་ཁག་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གྲོས་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ།བརྒྱུད་རིམ་ཧྲིལ་པོའི་ཁྲོད་མི་དམངས་ཀྱི་དམངས་གཙོ་ལག་ལེན་དང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྲིད་གྲོས་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་དགོས།
འགོ་ཚུགས་ཚོགས་འདུར་གདན་འདྲེན་ཞུས་ནས་ཀྲུའུ་ཞིའི་སྟེགས་བུར་བཞུགས་མཁན་ད་དུང་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། སི་ཁྲོན་དུ་བཅའ་སྡོད་བྱས་པའི་དམག་དཔུང་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་། སི་ཁྲོན་ཞིང་ཆེན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཞིང་ཆེན་རིམ་པའི་བློ་མཐུན་རྒན་པ། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་བཅས་ཡོད།
ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན(ལས་ཁུངས)གྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་མིན་པའི་གྲོང་ཁྱེར(ཁུལ)ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར(ཁུལ)སྲིད་གྲོས་ཀྱི་དྲུང་ཆེ་དང་རྫོང(གྲོང་ཁྱེར་དང་ཆུས)སྲིད་གྲོས་ཀྱི་ཀྲུའུ་ཞི། ཕྱི་སྡོད་ཀྲུང་གོ་བའི་འཐུས་མི་བཅས་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཁྲེང་ཏུའུ་རུ་བཅའ་སྡོད་བྱེད་པའི་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞུང་ཚབ་དང་གཞུང་ཚབ་དཔོན་པོ། ཁྲེང་ཏུའུ་རུ་བཅའ་སྡོད་བྱེད་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་དཔལ་འབྱོར་ཚོང་དོན་གཞུང་དོན་ཁང་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་ཚོང་འགུག་ཅུས་ཁྲེང་ཏུའུ་འཐུས་ཚབ་ཁྲུའུ་ཡི་འགན་འཁུར་བ་སོགས་འགོ་ཚུགས་ཚོགས་འདུར་ཟུར་ཉན་གནང་བ་རེད།།( བདེ་སྐྱིད་དང་ཀུན་དགའ། རྒྱ་མཚོ་བཅས་ཀྱིས་བསྒྱུར།)
