国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་།

སྤྱི་ཟླ2པའི་ཚེས2ཉིན། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་རུ་འགོ་བཙུགས།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཡིས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ལས་དོན་སྙན་སེང་ཕུལ་བ་རེད།

2025ལོའི་ལས་དོན་ལ་ཕྱི་མིག་བལྟས་པ།

2025ལོར་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ནུས་ལྡན་དང་ཀྲུང་གུང་སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་ཏུ“ལྟེ་བ་གཅིག་དང་འཇོག་ཚད་གཅིག”བཅས་ཀྱི་སྤྱི་ཡོངས་ཀྱི་ལས་ཀའི་བླང་བྱ་མཐའ་འཁྱོངས་བྱས། ཆེད་མངགས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “གཅིག་སྒྲིལ་བཞི”ལེགས་པར་བསྒྲུབས་སྟེ། “སྲིད་གྲོས་ཀྱི་འགན་འཁྲི”དངོས་སུ་ལག་ལེན་བསྟར་ནས་བློ་སེམས་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲང་པ་དང་། ལས་དོན་དངོས་སུ་བསྒྲུབས་ནས་བྱས་རྗེས་གསར་པ་བཞག་ཡོད།

2025ལོར་དོན་ཆེན་བཞི་གཙོ་གནད་དུ་དམ་འཛིན་བྱས།

དབུ་ཁྲིད་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལ་དམིགས་ནས། ཐུན་མོང་གི་ཐབས་ཇུས་དང་སྟོབས་ཤུགས་མཉམ་བསྡུས་བྱས་ནས་བློ་ཤོམ་གྲོས་ཕུད་བྱས།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་ནས་ལས་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་བསྐྲུན།

ཞིང་ཆེན་ཏང་ཨུ་དང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་འགན་འཁྲི་བསྒྲུབ་པའི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་བཏང་།

གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་ཡོད།

ཏང་གི་འགོ་ཁྲིད་དོན་འཁྱོལ་དང་། སློབ་སྦྱོང་མཐར་ཕྱིན་དང་ཡིད་ཆེས་བརྟན་པོ་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་།

སྲིད་གྲོས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་འབུར་དུ་ཐོན་པར་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྟེན་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་།

གྲོས་གཞི་དང་པོའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་དང་། མཛུབ་སྟོན་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་རྗེས་འདེད་སློབ་སྦྱོང་བྱས།

སྲིད་གྲོས་ཀྱི་དཔེ་ཀློག་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ། བརྗོད་བྱ་གཙོ་བོའི་དཔེ་ཀློག་བྱེད་སྒོ་ཐེངས150ལྷག་ཙམ་དང་། སྲིད་གྲོས་འཆད་ཁྲིད་ཐེངས12། ཆབ་སྲིད་གསོ་སྦྱོང་མི་ཐེངས1400ལྷག་ཙམ་སྤེལ།

རིགས་པའི་གཞུང་ལུགས་ཞིབ་འཇུག་ལས་དོན་ལ་ཤུགས་རྒྱག་པའི་བྱེད་ཐབས་དྲུག་བཏོན་པ་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག་ཚོགས་པའི་སྐབས་བརྗེས། རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག691བསྡུ་རུབ་བྱས་པ་དང་།

2025ལོའི་གྲོས་མོལ་འཆར་གཞི་སྒྲིག་འཛུགས་ལག་བསྟར་བྱས་ཏེ་ཀྲུང་དབྱང་གི་སྐོར་ཞིབ་ཀྱི་ཚུར་ལན་བསམ་འཆར་བཅོས་སྒྲིག་ལེགས་པོ་བྱས།

ལས་འགན་གཙོ་བོ་དང་སྤྱི་ཡོངས་གཏན་ལ་ཕབ་ནས་དངོས་སྒྲུབ་གྲོས་འགོ་འདོན་པའི་ཁྲོད་འགན་འཁུར་གྱི་བྱས་རྗེས་མངོན།

རྒྱལ་ཁབ་ཀྱི་འཐབ་ཇུས་དབུས་ཁུལ་འཛུགས་སྐྲུན་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད་འཕེལ་རྒྱས་ཀྱི་ནུས་ཚད་མཐོ་རུ་བཏང་བ། རྒྱལ་ཁབ་ས་ཁོངས་འཕེལ་རྒྱས་ཀྱི་རིམ་པ་བཞི་པ་འཛུགས་པ་སོགས་ཀྱི་གྲོས་མོལ་གྲོས་འགོ་ལ་དམིགས་པ།

དམངས་གཙོའི་ཏང་ཤོག་ཀྲུང་དབྱང་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ། ནུབ་རྒྱུད་ཚོང་ལས་མཁའ་འགྲུལ་གྲུ་ཁ་སོགས་རྣམ་གྲངས་གལ་ཆེན་རྒྱལ་ཁབ་ཀྱི་འཆར་འགོད་བཅུ་པའི་ནང་བཅུག་པར་སྐུལ་འདེད་བཏང་།

དཔལ་འབྱོར་བསྒྲུབ་པ་དང་འཛུགས་སྐྲུན་བྱ་བར་དམིགས་ནས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་དང་དུས་རབས་གསར་པའི་ཆུ་ཚད་སྔར་ལས་མཐོ་བའི་“ཐེན་ཧྥུ་འབྲུ་མཛོད”བསྐྲུན་པ། ཀྲུང་ལུགས་གསོ་རིག་ཐོན་ལས་ཀྱི་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་སོགས་ལ་དམིགས་ནས་གྲོས་འགོ་ཕུལ་བ་དང་གྲོས་མོལ་བྱས།

གསར་གཏོད་ལ་ཤུགས་རྒྱག་པ་དང་རིགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། མིས་བཟོས་རིག་ནུས་ཀྱིས་ལས་རིགས་བརྒྱ་བརྒྱ་སྟོང་སྟོང་ལ་ནུས་ཤུགས་མཁོ་འདོན་བྱེད་པ་དང་། ཐོན་སྐྱེད་དང་ཞིབ་འཇུག་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། དགེ་མཚན་ལྡན་པའི་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་པ་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱ་བ་ལ་དམ་འཛིན་བྱས།

ནང་མཁོ་རྒྱ་བསྐྱེད་དང་འཛད་སྤྱོད་སྐུལ་སྤེལ་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་ནུས་ཤུགས་འདོན་པར་རོགས་རམ་བྱས།

ཁོར་ཡུག་ལེགས་སུ་བཏང་ནས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཁེ་ལས་ལ་ཕན་པ་ཐོབ་པའི་སྲིད་ཇུས་ཐད་ཀར་མགྱོགས་མྱུར་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཞིབ་འཇུག་བྱ་གཞིར་བརྟག་ཞིབ་བྱས།

རྒྱལ་ཁབ་ལ་དབང་བའི་རིག་རྩལ་སློབ་གླིང་དང་ཚོགས་པའི་སྒྱུར་བཅོས་དང་སྤུས་ལེགས་སྤྱི་པའི་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཐད་ཀར་གཏང་རྒྱུ་སོགས་ལ་དམིགས་ཏེ་བརྟག་ཞིབ་ལྟ་ཞིབ་བྱས།

ཨུ་ཡོན་དང་རིགས་གཅིག་མཁས་ཅན་རྩ་འཛུགས་བྱས་ནས《མི་ཆོས་ཀྱི་སི་ཁྲོན། ཡིད་འོང་གི་སི་ཁྲོན》ཆེད་བསྒྲིགས་དཔེ་དེབ་རྩོམ་སྒྲིག་བྱས་ཏེ། དཔེ་དེབ15བདེ་བླག་ངང་པར་སྐྲུན་འགྲེམས་སྤེལ་བྱས།

དམངས་ཀྱི་ཆེད་དུ་འགན་འཁྲི་བསྒྲུབ་པ་ལག་ལེན་བསྟར་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་མི་དམངས་ཀྱི་བརྩེ་སེམས་བརྟན་སྲུང་བྱས།

གཞི་རིམ་དུ་ཞལ་འདེབས་བྱེད་པ་དང་སློབ་སྦྱོང་ལ་རོགས་སྐྱོར་གྱི་ལས་དོན། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་ཉམས་ཞན་ལ་རོགས་སྐྱོབ། ཚན་རིག་ཁྱབ་གདལ། བཅའ་ཁྲིམས་ལུགས་རོགས་སྐྱོབ། རྣམ་གྲངས་རོགས་སྐྱོབ་སོགས་ཀྱི་བྱེད་སྒོ་ཁག3407གཏིང་ཟབ་ཏུ་སྤེལ་བ་རེད།

“དོན་དག་ཡོད་ན་གྲོས་མོལ་བྱེད”པའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་དུ་མཐོ་རུ་བཏང་སྟེ། གྲོས་མོལ་བྱེད་སྒོ་ཐེངས8500ལྷག་ཙམ་སྤེལ་བ་དང་། བསམ་འཆར་དང་གྲོས་འགོ་ཁྲི2.3ལྷག་ཙམ་བཏོན།

ཟས་རིགས་བདེ་འཇགས་བཅོས་སྐྱོང་མ་ལག་འཛུགས་སྐྲུན་དང་། ལོ་ན་མ་སོན་པའི་ཁེ་དབང་སྲུང་སྐྱོང་། ཉལ་དུད་དང་ཨེ་ཙི་ནད་བཀག་འགོག་བཅས་ལ་ལྟ་ཞིབ་ལྟ་སྐུལ་བྱས།

སྣོད་བཅུད་ཁོར་ཡུག་དབྱེ་ཁུལ་དོ་དམ་ཚོད་འཛིན། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཙང་སྒྲིག།ཆུའི་སྣོད་བཅུད་བཅོས་སྐྱོང་བཅས་ལ་གྲོལ་མོལ་བྱས་ཤིང་གྲོས་འགོ་བཏོན་ཏེ། ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཚུར་ལན་སྤྲད་པའི་གནད་དོན་བཅོས་སྒྲིག་བྱེད་རྒྱུ་དང་མཉམ་དུ་ལེགས་པར་བྱས།

མི་སེམས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ནས་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ཁྲོད་འབད་འཐབ་སྟོབས་ཤུགས་ལ་སྐུལ་སྤེལ་བྱས།

ཏང་ཤོག་དང་ཚོགས་པའི་མཉམ་ལས་མཉམ་སྒྲུབ་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་རིམ་པའི་རྒྱབ་སྐྱོར་སྔར་ལས་ཆེ་བ་བརྩོན་ལེན་བྱས།

དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་སྟེགས་བུ་ཧུར་ཐག་གིས་བསྐྲུན།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བར་རོགས་རམ་བྱས་ཏེ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ལ་ཆེད་དོན་གསོ་སྦྱོང་བྱས་པ་དང་། “ཐུན་མོང་གི་ཁྱིམ་གཞིས་ཐུན་མོང་གི་འཆད་ཁྲིད”ཐེངས350ལྷག་ཙམ་གཉེར།

མཐུན་སྒྲིལ་དང་མཛའ་མཐུན་གྱི་ཕྱི་ཕྱོགས་འགྲོ་འོང་ལ་ཤུགས་བརྒྱབ་སྟེ།“ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་སྲིད་གྲོས་ནང་དུ་ཞུགས་པ”སོགས་ཀྱི་བྱེད་སྒོ་ཁག21སྤེལ།

ཕྱི་ཕྱོགས་ལ་མཛའ་གྲོགས་སྤེལ་རེས་ཀྱི་བྱེད་སྒོ་ནན་ཏན་གྱིས་སྒྲིག་འཛུགས་བྱས་ཏེ་སི་ཁྲོན་གྱི་གཏམ་རྒྱུད་མུ་མཐུད་དུ་ཡག་པོ་བཤད་ནས་རང་རེའི་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་འབྱེད་ལ་རོགས་འདེགས་བྱས།

ནུས་པ་དང་འཇོན་ཐང་སྦྱོང་བརྡར་བྱས་ཏེ། དངོས་སྒྲུབ་ཕུལ་བྱུང་གཏོད་པའི་ཁྲོད་དུ་ལས་འགན་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་།

སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་ཆེན་བཏང་།

སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཚོན་པ་དང་། མང་ཚོགས་དང་འབྲེལ་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁ་གཏད་གྲོས་མོལ་གྱི་ལས་ཀའི་སྒྲིག་སྲོལ་སོགས་ལམ་ལུགས་ཁག17བཟོ་བཅོས་བརྒྱབ།

ཞིང་ཆེན་སྲིད་གྲོས་ཀྱི“ཨུ་ཡོན་གྱི་ཁྱིམ་ཚང”ཡག་པོ་བསྐྲུན་ནས་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ཁོར་ཡུག་གསར་པ་བསྐྲུན་པ་དང་། ཞིང་ཆེན་སྲིད་གྲོས་ཨུ་ཡོན་མི་ཐེངས613ལ་འབྲེལ་གཏུག་བྱས་ཤིང་འཚམས་འདྲི་གནང་།

སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ་ལ་ཞུགས་པ་མི་ཐེངས1900ལྷག་ཙམ་བྱས་པ་དང་། ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་བྱེད་སྒོ་ཁག658སྤེལ།

“གྲོང་ཁྱེར(ཁུལ)རེ་ལ་ཁྱད་ཆོས་རེའི”ལས་དོན་མཛུབ་ཁྲིད་བྱས། ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིར་གྲོང་ཁྱེར་དང་རྫོང་སྲིད་གྲོས་ལས་ཁུངས་ལ་བཅར་འདྲིར་ཐེངས92བསྐྱོད་པ་དང་། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ལས་བྱེད་པ680ལྷག་ཙམ་གསོ་སྦྱོང་སྒྲིག་འཛུགས་བྱས།

2026ལོའི་ལས་ཀའི་ལས་འགན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”་འགོ་ཚུགས་པའི་ལོ་ཡིན་དུས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་ཅིང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གཉིས་ཤེས་རྟོགས་གཏིང་ཟབ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ནུས་ལྡན་དང་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག།ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་དངོས་ཀྱི་ཐོག་ནས“གཅིག་སྒྲིལ་ལས་དོན་བཞི”ལེགས་པར་བསྒྲུབས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”་མགོ་ཡག་པོ་ཞིག་བཙུགས་པར་སྲིད་གྲོས་ཀྱི་བྱས་རྗེས་སྔར་བས་ཆེ་བ་འབུལ་དགོས།

མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས།

བློ་སེམས་གཅིག་སྒྲིལ་གྱིས་དེང་རབས་ཅན་གྱི་སི་ཁྲོན་ཐུན་མོང་འཛུགས་སྐྲུན་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས།

མི་དམངས་ཀྱི་ཆེད་དུ་གྲོས་མོལ་བྱ་རྒྱུ་མུ་མཐུད་དུ་མཐོ་རུ་གཏོང་བ་དང་། མི་དམངས་ཀྱི་ཆེད་དུ་ལས་འགན་བསྒྲུབ་པར་རྒྱུན་འཁྱོངས་བྱ་དགོས།

ཨུ་ཡོན་ཁྱིམ་གཞིས། དམངས་གཙོའི་ཁྱིམ་གཞིས། མཐུན་སྒྲིལ་གྱི་ཁྱིམ་གཞིས་རྒྱུན་མཐུད་ངང་བསྐྲུན་དགོས།།

( སི་ཁྲོན་བོད་སྐད་རླུང་འཕྲིན་ལས་དྲངས།)